27092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཆེན་གསང་བ་འདུས་པའི་ཐེམ་བྱང་རིན་པོ་ཆེའི་གཏེར་མཛོད་ (1)
Part of speech མིང་ཚིག
Definition དབང་ཆེན་གསང་བ་འདུས་པའི་ཐེམ་བྱང་རིན་པོ་ཆེའི་གཏེར་མཛོད། ཅེས་བྱ་བ་སྟེ། གཏེར་གཞུང་ལས། གསང་བའི་རྒྱ་ཐེམ་ཞིབ་མོའི་སྙིང་བྱང་འདི༔ སྙིང་གི་བུ་མིན་གཞན་ལ་བསྟན་མི་རུང༔ དུས་བབས་ཆོས་བདག་སྙིང་གི་བུ་ལ་གཏོད༔ སྐལ་མེད་འདོན་ན་དེ་ཡི་སྙིང་རྩ་ཆོད༔ ལས་ཅན་བུ་ཡི་ཕྲིན་ལས་རྣམ་བཞི་བསྒྲུབ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ཁྱི་ལོ་རྟ་ཡི་ཟླ་བའི་ཚེས་གཅིག་ལ་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། དབང་ཆེན་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་ཡང་གསང་དང་བཅས་པའི་བསྒྲུབ་པ་དང། དེ་དག་གི་དབང་དང་མན་ངག་གི་སྐོར་ལས་ཚོགས་དང་བཅས་པ་བསྟན།
Domain ཆོས་ལུགས།

{{#arraymap:དབང་ཆེན་གསང་བ་འདུས་པའི་ཐེམ་བྱང་རིན་པོ་ཆེའི་གཏེར་མཛོད་

|; |@@@ | | }}