27093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཆེན་གསང་བ་འདུས་པའི་མེ་མཆོད་ཕོ་ཉ་མྱུར་མགྱོགས་ (1)
Part of speech མིང་ཚིག
Definition དབང་ཆེན་གསང་བ་འདུས་པའི་མེ་མཆོད་ཕོ་ཉ་མྱུར་མགྱོགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། མེ་མཆོད་རྒྱས་པར་ཆོ་ག་ཡི༔ རིམ་པ་ཨོ་རྒྱན་བདག་གིས་བསྟན༔ ཅེས་དང་། མཇུག་ཏུ། འདི་ནི་ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་འདྲ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་ཤོག་སེར་ལ་བྲིས་པའོ༔ ༔ཞེས་གསལ། ཨོ་རྒྱན་ཆེན་པོས་མཛད་ཅིང་། རྒྱལ་བ་མཆོག་དབྱངས་ཀྱི་ཡི་གེར་བཀོད་པ་ཉིད། གཏེར་ཆེན་རཏྣ་གླིང་པས་བྱ་ལོ་སྦྲུལ་ཟླའི་ཚེས་བརྒྱད་ལ་སྨན་ཕུག་དགོན་པར་ཤོག་སེར་ལས་ཕབ། འདིིའི་ནང་དོན་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་དང་། དགྲ་བགེགས་ལ་སོགས་པའི་ཕྱི་ནང་གི་བར་ཆད་སེལ་བ་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར་མེ་མཆོད་རྒྱས་པར་བསྟན།
Domain ཆོས་ལུགས།

{{#arraymap:དབང་ཆེན་གསང་བ་འདུས་པའི་མེ་མཆོད་ཕོ་ཉ་མྱུར་མགྱོགས་

|; |@@@ | | }}