27094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཆེན་གསེར་གྱི་ས་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འོག་གཞི་རླུང་གི་དཀྱིལ་འཁོར་དེ་རླུང་གིས་དཀྲུགས་པ་ལས་ཕྱིས་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པའི་མཚོར་གྱུར་ཏེ། དེའི་ལྷག་མ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་དག་ནི་མཚོའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །ཆུ་དེ་དང་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་དཀྱིལ་གྱི་ཐད་ཀར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནའོ། །དེ་དག་གི་ཁོར་ཡུག་སྟེ་མཐའ་སྐོར་དུ་ནི་སུམ་འགྱུར་དུ་བརྩི་སྟེ། དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་ཕྱེད་དང་བཞིའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:དབང་ཆེན་གསེར་གྱི་ས་གཞི་

|; |@@@ | | }}