27112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཐང་ (1)
Part of speech མིང་ཚིག
Definition ཁ་རྗེ་དབང་ཐང་གི་དགེ་བསོད་ཀྱི་དོན།
Example དབང་ཐང་ཅན་གྱི་མི། བང་རྩལ་ཅན་གྱི་རྟ།
དབང་ཐང་ (2)
Part of speech མིང་ཚིག
Definition རང་གིས་ཁ་ལོ་བསྒྱུར་སའི་ཡུལ་ལ་དབང་དང་། དེའི་རྒྱ་ཆེ་ཆུང་དང་གྲངས་མང་ཉུང་གི་ཚད་ལ་ཐང་ཞེས་བཤད།
དབང་ཐང་ (3)
Part of speech མིང་ཚིག
Definition ནག་རྩིས་པའི་ལུགས་ལ་ལོ་རྟགས་གང་དེའི་འབྱུང་བ་གང་ཡིན་པ་དེ་ལ་དབང་ཐང་ཟེར། དེ་ནི་མི་དེའི་ཁ་རྗེ་དང་། དབང་ཐང་མཚོན་བྱེད་ཡིན་པའི་ཕྱིར་ན་དབང་ཐང་ཟེར། དེས་ན་བྱི་བ་ལ་སོགས་པ་ལོ་བཅུ་གཉིས་པོ་དེ་དག་རེ་རེ་ལའང་དབང་ཐང་ཁམས་ལྔའི་རིམ་པ་དང་། དབང་ཐང་རེ་རེ་ལ་ཡང་ཕོ་ལོ་མོ་ལོ་གཉིས་རེར་ཕྱེ་སྟེ་སྦྱར་བས་ལོ་རྒན་དྲུག་ཅུ་འབྱུང་བར་འདོད་དེ། ཤིང་ཕོ་བྱི་བ་དང་། ཤིང་མོ་གླང་། མེ་ཕོ་སྟག མེ་མོ་ཡོས་སོགས་བཅུ་གཉིས་ཕྲག་ལྔ་ཡོད་པའི་ཕྱིར་རོ།
Domain རྩིས་རིག