27117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཐང་སྒོས་འབྲས་ (1)
Part of speech མིང་ཚིག
Definition མཐུན་སྦྱོར་བག་མའི་རྩིས་སུ་མག་བག་གཉིས་ཀྱི་དབང་ཁམས་ཕན་ཚུན་འཐབ་པའི་འཐབ་བྲལ་གྱིས་ནོར་ལོངས་སྤྱོད་འོང་མིན་སྟོན་པ་ཕུད། གཞན་ཡང་བུ་དང་བུ་མོ་དུ་སྐྱེས་དང་། སྐྱེས་པའི་བུས་པ་འཚོ་འཆི་ཅི་འབྱུང་། འཚོ་བར་འགྱུར་ཡང་སྐྱིད་སྡུག་གང་འབྱུང་སོགས་དམིགས་བཀར་གྱིས་སྟོན་པ་ལ་ཟེར་ཞིང་། དེ་ལ་དབང་ཁམས་མ་བུ་ཕྲད་པའི་སྒོ་འབྲས་དང་། དགྲ་གྲོགས་ཕྲད་པའི་སྒོ་འབྲས། ནང་ཕྲད་ཀྱི་སྒོ་འབྲས་བཅས་ཁག་གསུམ་ཡོད། སྔ་མ་མ་བུ་ཕྲད་པའི་སྒོས་འབྲས་ནི་མག་བག་གཉིས་ལས་གཅིག་གི་དབང་ཁམས་ཤིང་དང་། གཞན་དེའི་དབང་ཁམས་མེ་ཡིན་ན་བུ་གསུམ་དང་བུ་མོ་གཉིས་སྐྱེ་ཞིང་སོ་ནམ་ཐང་ལ་སྐྱིད་པར་འོང་། དེ་བཞིན་དུ་མག་བག་གཉིས་ཀྱི་དབང་ཁམས་ས་མེ་ཡིན་ན་བུ་གསུམ་དང་བུ་མོ་གསུམ་ཙམ་སྐྱེ། ས་ལྕགས་ཡིན་ན་ས་མེ་དང་མཚུངས། ལྕགས་ཆུ་ཡིན་ན་བུ་བུ་མོ་གསུམ་གསུམ་སྐྱེ་ཞིང་ནོར་རྫས་འདུ་བས་སྐྱིད་པོ་འོང་། ཆུ་ཤིང་ཡིན་ན་བུ་གཅིག་དང་བུ་མོ་གཅིག་སྐྱེ་ཞིང་ཕན་ཐོགས་ཆེ། མ་བུ་ཕྲད་པ་དེ་དག་རྣམས་ཕོས་མོ་བསྐྱེད་པ་སྟེ་མག་པའི་དབང་ཁམས་བག་མའི་དབང་ཁམས་ཀྱི་མར་འགྲོ་ན་བཟང་ཞིང་། དེ་ལས་ལྡོག་སྟེ་མོས་ཕོ་བསྐྱེད་པ་སྟེ་བག་མའི་དབང་ཁམས་མག་པའི་དབང་ཁམས་ཀྱི་མར་འགྲོ་ན་འབྲིང་ཡིན། བར་མ་དགྲ་གྲོགས་ཕྲད་པའི་སྒོས་འབྲས་ནི་མག་བག་གཉིས་ལས་གཅིག་གི་དབང་ཁམས་མེ་དང་། གཞན་དེའི་དབང་ཁམས་ལྕགས་ཡིན་ན་བུ་ལྔ་སྐྱེ་ཡང་བཞི་འཆི་ཞིང་མག་བག་འགྲོགས་ཡུན་ཐུང་། དེ་བཞིན་དུ་མག་བག་གཉིས་ཀྱི་དབང་ཁམས་ཤིང་ལྕགས་ཡིན་ན་བུ་གསུམ་དང་བུ་མོ་གཉིས་སྐྱེ་ཞིང་བུ་གཉིས་འཆི། ས་ཆུ་ཡིན་ན་བུ་ལྔ་སྐྱེ་ཞིང་གསུམ་འཆི། ས་ཤིང་ཡིན་ན་བུ་དྲུག་སྐྱེ་ཞིང་བཞི་འཆི། མ་ཕྱི་ངན་ལ་ལོ་མི་སྐྱེ། མེ་ཆུ་ཡིན་ན་བུ་མོ་གསུམ་དང་བུ་གཅིག་སྐྱེ་ཞིང་བུ་དེ་འཆི། སོ་ནམ་དཀའ་བས་ལོ་སྐྱེ་ངན། དགྲ་གྲོགས་ཕྲད་པ་དེ་དག་རྣམས་ཕོས་མོ་གཅོད་པ་སྟེ་མག་པའི་དབང་ཁམས་བག་མའི་དབང་ཁམས་ཀྱི་དགྲར་འགྲོ་ན་ངན་ཞིང་། དེ་ལས་ལྡོག་སྟེ་མོས་ཕོ་གཅོད་པ་སྟེ་བག་མའི་དབང་ཁམས་མག་པའི་དབང་ཁམས་ཀྱི་དགྲར་འགྲོ་ན་ཉན་པའམ་བཟང་ཙམ་ཡིན། ཕྱི་མ་ནང་ཕྲད་ཀྱི་སྒོས་འབྲས་ནི་མག་བག་གཉིས་ཀྱི་དབང་ཁམས་ཤིང་ནང་ཕྲད་ཡིན་ན་བུ་རྒོད་གཅིག་དང་བུ་མོ་གཉིས་སྐྱེ། མེ་ནང་ཕྲད་ཡིན་ན་བུ་གསུམ་སྐྱེ་ཞིང་དབུལ་བོར་འགྱུར་ལ་སྡུག་བསྔལ་འོང་། ས་ནང་ཕྲད་ཡིན་ན་བུ་གསུམ་དང་བུ་མོ་གསུམ་སྐྱེ་ཞིང་ས་མཁར་བརྩིག་ཅེས་ཡུལ་བདག་བྱེད། ལྕགས་ནང་ཕྲད་ཡིན་ན་བུ་རྒོད་གཅིག་དང་བུ་མོ་གཅིག་ཀྱང་སྐྱེ་ཡང་འཚོ་བ་དཀའ། བྲན་ཕྱུགས་ལ་འཆོར་གོད་འོང་། ཆུ་ནང་ཕྲད་ཡིན་ན་བུ་དང་བུ་མོ་རེ་རེ་སྐྱེ་ཞིང་ཆུ་ཕྲན་རྒྱ་མཚོར་སླེབས་པས་བཟང་བ་བཅས་ཡིན།
Domain རྩིས་རིག

{{#arraymap:དབང་ཐང་སྒོས་འབྲས་

|; |@@@ | | }}