27119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཐོབ་དུ་མི་སྟེར་བའི་གེགས་སྒྲིབ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཡང་དག་པར་མ་བསྐུར་བ་དང། སྣོད་དང་མི་ལྡན་པ་དང། དུས་ལ་མ་བབ་པ་དང། དད་གུས་དང་ཡོན་ཏན་མེད་པ་བཅས་བཞི་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དབང་ཐོབ་དུ་མི་སྟེར་བའི་གེགས་སྒྲིབ་པ་ཆུ་བོའི་རྙོག་མ་ལྟ་བུ་ནི་གང་ཞེ་ན། བསྡུས་ན་རྣམ་པ་བཞི་ཉིད་འདི་ལྟ་སྟེ། ཡང་དག་པར་མ་བསྐུར་བ་དང༌། སྣོད་དང་མི་ལྡན་པ་དང༌། དུས་ལ་མ་བབ་པ་དང༌། དད་གུས་དང་ཡོན་ཏན་མེད་པས་ནི་དབང་མི་ཐོབ་པ་ཉིད་དེ། རྩ་རྒྱུད་ལས། སྣོད་མེད་བཅུད་བྲལ་ཀུན་སྟོངས་པ། །དེ་ནི་དབང་ཐོབ་མ་ཡིན་ནོ། །ཞེས་པ་ལྟར་དང༌། ནུས་པ་མེད་པའི་ཕྱིར་དབང་མི་ཆགས་པ་ནི། གསང་མེད་བརྗེད་ངེས་དབང་མི་ཆགས། །ཞེས་པ་ལྟར་དང༌། དད་པ་དང་དམ་ཚིག་མེད་པས་དབང་གིས་མི་གོས་པ་ནི། དད་མེད་གཡེང་རྨུགས་དབང་མི་འགོས། །ཞེས་པ་ལྟར་དང༌། ལོག་པ་དང་སྐུར་པ་ཅན་ཉིད་དབང་གིས་སྲེག་པ་ནི། དད་མེད་བློ་ཞན་རྫོབ་པ་ཆེ། །ཚུལ་འཆོས་མཁན་ལ་རས་ཆོད་བྱེད། །དེ་ནི་དབང་གིས་འཚིག་པར་བཤད། །ཅེས་གསུངས་པའི་དོན་དུ་བསྟན་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབང་ཐོབ་དུ་མི་སྟེར་བའི་གེགས་སྒྲིབ་བཞི་

|; |@@@ | | }}