27125

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་དར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་གྱི་དཀྱིལ་འཁོར་གང་གི་དབང་ཐོབ་པའི་རྟགས་སུ་དབང་ཞུ་བ་པོ་རྣམས་ལ་གདགས་རྒྱུའི་དར་རས་ཁ་དོག་དང་ལྡན་པ་གྲུ་བཞི་ཆུང་ངུ་ལ་ལུང་ཐག་ཡོད་པ་ཞིག་བཟོ་སྲོལ་ཡོད། དེ་ལ་མིང་གཞན་ཅོད་པན་ཡང་ཟེར། སྤྱིར་ཅོད་པན་གྱི་དགོས་དོན་དང་ནང་གསེས་དེ་ལ་ཡང་ཡིག་འབྲུ་སྤར་བ་དང་དར་རས་ཀྱི་ཁ་དོག་གི་ཁྱད་པར་གྱི་མཚོན་དོན་ནི། དབང་ཞུས་པའི་ཡི་དམ་དེ་ཉིད་དང་མི་འབྲལ་བའམ་དེ་ཉིད་ཀྱི་དབང་ཐོབ་པའི་བརྡ་རུ་དེའི་ས་བོན་གྱི་ཡིག་འབྲུ་སྤར་བའམ་ཡང་ན་ལྷ་དེར་མཚོན་པ་དེའི་སྐུ་མདོག་དང་མཐུན་པའི་དར་རས་ཀྱི་མདོག་བྱེད་པ་ཡིན་ཏེ། ཞི་བའི་རྒྱུད་ལས། ཡི་དམ་ལྷ་དང་མི་འབྲལ་ཕྱིར། ཅོད་པན་དར་གྱི་དངོས་གྲུབ་ལོངས། ཅོད་པན་དར་གྱི་དངོས་གྲུབ་འདི། འདི་དང་ཕྱི་མ་གཉིས་མེད་དུ། ཡི་དམ་ལྷ་དང་མི་འབྲལ་ཤོག ཅེས་པས་སོ། །
Example འདིར་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་དབང་གི་སྐབས་སུ་སྦྱར་ཏེ་བཤད་ན། དབང་དར་ལ་དར་སྣ་ལྔ་སྟེ། དར་དཀར། དར་སེར། དར་ལྗང། དར་དམར། དར་སྔོན་དང་ལྔའོ། །དེ་དག་གི་བརྡ་དོན་ནི། གཞུང་དེ་ཉིད་ལས། དར་དཀར་ཀུན་སྣང་ཁྱབ་པའི་སྐུ། དར་སེར་གསལ་བ་རང་འབྱུང་སྐུ། དར་ལྗང་དགེ་ལྷ་གར་ཕྱུག་སྐུ། དར་དམར་བྱེ་བྲག་དངོས་མེད་སྐུ། དར་སྔོན་དགའ་བ་དོན་འགྲུབ་སྐུ། ཞེས་པས། དར་སྣ་དེ་དག་གི་མདོག་གིས་གོང་གསལ་རྒྱལ་བ་རིགས་ལྔའི་སྐུ་མདོག་མཚོན་པ་ཡིན་ལ། དོན་དུའང་ལྷ་དེ་དག་མཚོན་པར་བྱེད་པ་ཡིན་ནོ། །གཞུང་འགའ་ཞིག་ནས། ཕོ་ལ་འཕྲག་པ་གཡས་དང་མོ་ལ་གཡོན་དུ་འདོགས་དགོས་པར་བཤད་དོ། ། ཞོར་འཕྲོས་སུ། ཅོད་པན་དང་དབང་དར་ཞེས་པའི་མིང་ཚིག་འདི་གཉིས་པོ་དོན་གཅིག་པ་ལྟ་བུ་རྣམ་པ་ཀུན་ཏུ་འཇུག་ཡུལ་ལ་ཁྱད་པར་མེད་པ་དེ་འདྲའང་མ་ཡིན་པ་ཤེས་དགོས་སོ། །ཅོད་པན་ཞེས་པ་རྟ་དང་དྲེལ་སོགས་ཀྱི་རྣ་བར་འདོགས་པའི་དར་རས་ལའང་འཇུག་པ་ཡོད་དེ། སྲིད་རྒྱལ་དྲེལ་དམར་གྱི་སྒྲུབ་གཞུང་ལས། དྲེལ་བུའི་རྣ་བ་གཡས་གཡོན་ལ། མཐིང་ནག་དར་གྱི་ཅོད་པན་སྤུ་རུ་རུ། ཞེས་པས་སོ། །
Domain ཆོས་ལུགས།

{{#arraymap:དབང་དར་

|; |@@@ | | }}