2713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་གཉིས་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མགྲིན་པ་དང༌། བྱེད་པ་ལྕེའི་རྩ་བ། སྒྲ་འབྱིན་ཚུལ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མ་ནིང་གི་ཡི་གེ་ཞིག
ཁ་ (2)
Part of speech མིང་ཚིག
Definition གདོང་གི་ཆ་ཤས་བཟའ་བཏུང་དང་གཏམ་སྨྲ་བྱེད་ཀྱི་དབང་པོའི་སྒོ་སྟེ།
Keyword True
Example ཁ་ནས་བཤད་ཚད་བདེན་པ་མིན། ཁ་ནས་ཅི་བཤད་འདི་བཤད་མེད་ལྟ་བུ། དཔེ་རིས་ལ་གཟིགས།
ཁ་ (3)
Part of speech མིང་ཚིག
Definition སྐད་ཆའམ་ངག་སྟེ།
Keyword True
Example ཨ་མའི་ཁ་ལ་ཉོན་ལྟ་བུ། གྲོགས་པོ་ངན་པའི་ཁ་ལ་མ་ཉན་ལྟ་བུ།
ཁ་ (4)
Part of speech མིང་ཚིག
Definition ནང་དུ་འཇུག་སའི་སྒོའམ་ཁུང་བུ་སྟེ།
Keyword True
Example ཁུག་མའི་ཁ། དམ་བེའི་ཁ། སྒྱེ་ཁ། དོང་ཁ་ལྟ་བུ།
Antonyms ཞབས།
ཁ་ (5)
Part of speech མིང་ཚིག
Definition མཐའ་ཁའམ་ཉེ་འགྲམ་གྱི་མིང་སྟེ།
Keyword True
Example གད་ཁ་ལ་མ་འགྲོ། མཚོ་ཁ་རུ་གྲུ་གཟིངས་སྒུག་ཏུ་ཕྱིན་ལྟ་བུ།
ཁ་ (6)
Part of speech མིང་ཚིག
Definition ཐོག་ངོས་སམ་སྟེང་སྟེ།
Keyword True
Example བླ་མ་ཁྲི་ཁ་རུ་བཀོད། རི་ཁ་ནས་བསང་ཕུད། རྫ་ཁ་བརྒྱུད་ནས་སོང་ལྟ་བུ།
ཁ་ (7)
Part of speech མིང་ཚིག
Definition མིའི་ལོ་ཚད་ལ་འཇུག་སྟེ།
Keyword True
Example མི་ཁ་རྒས་བསམ་ཤེས་ཅན་གྱི་ངག་ལ་ཉན་ན་བཟང་ལྟ་བུ།
ཁ་ (8)
Part of speech མིང་ཚིག
Definition སྒོ་ཕྱུགས་ཀྱི་ལོ་ཚད་ལ་འཇུག་སྟེ།
Keyword True
Example གཡག་ཁ་རྒན། རྟ་ཁ་ཆུང༌ལྟ་བུ།
ཁ་ (9)
Part of speech མིང་ཚིག
Definition ཚིག་དང་དངོས་རྫས་སོགས་ཀྱི་ཁག་གཅིག་གམ་ཆ་ཤས་ཀྱི་དོན་ལ་འཇུག་སྟེ།
Keyword True
Example སྐད་ཆ་ཁ་ཚང་བཤད་དགོས། དཔེ་ཆ་ཁ་མ་ཚང་ན་ང་ལ་མི་དགོས། ཁ་མ་ཚང་ན་ངས་ཁ་གསབ་བྱ་ཆོག་ལྟ་བུ།
ཁ་ (10)
Part of speech མིང་ཚིག
Definition ཁ་དོག་ཅེས་པའི་མིང་བསྡུས་པ་སྟེ།
Example རྟའི་སྤུ་ཁ། རས་ཁ་སྒྱུར་བྱེད་ཀྱི་ཚོན་ལྟ་བུ།
ཁ་ (11)
Part of speech མིང་ཚིག
Definition སོ་སོའམ་ཡན་གར་བའི་དོན་ཏེ།
Example མ་བུ་ཁ་བྲལ། གཞིས་བྱེས་ཁ་བྲལ་ལྟ་བུ།
ཁ་ (1)
Part of speech རྒྱན་ཚིག
Definition ཁ་བ་ཡི་བསྡུས་ཚིག་སྟེ། རོ་ཁ་བ་ལ་རོ་ཁ་དང་། སྨན་ཁ་བ་ལ་སྨན་ཁ་ཟེར་བ་ལྟ་བུ།
ཁ་ (2)
Part of speech རྒྱན་ཚིག
Definition བྲོ་བའི་ཚད་ཆེ་དྲགས་པ་སྟེ།
Example ཐུག་པ་ཚྭ་ཁ་ན་འཐུང་མི་ཐུབ། ཇ་ལ་ཚྭ་ཁ་འདུག་ལྟ་བུ།
ཁ་ (1)
Part of speech འཇལ་ཚིག
Definition རས་དང་དར་གོས་སོགས་ཀྱི་རིང་ཐུང་གི་ཚད་རྩི་སྟངས་ཤིག་སྟེ། དཀྱུས་ཚད་ཀྱིས་ཞེང་ཚད་བཅལ་ནས་དཀྱུས་ཚད་དང་ཞེང་ཚད་རིང་ཐུང་མཉམ་པའམ་གྲུ་བཞི་ལ་ཁ་ཟེར།
Keyword True
Example རས་ཁ་གང་། རས་ཁ་དོ། རས་ཁ་བཞི་ལྟ་བུ།
ཁ་ (1)
Part of speech གྲོགས་ཚིག
Definition མིང་མཐའ་ཙམ་ལ་འཇུག་པ་ནི།
Example གཏེར་ཁ། དགུན་ཁ་ལྟ་བུ།
ཁ་ (2)
Part of speech གྲོགས་ཚིག
Definition བྱ་ཚིག་མ་འོངས་པ་དང་། ད་ལྟ་བའི་མཐར་སྦྱར་ན་དུས་ཉེ་བ་སྟེ། བྱ་བ་ཅི་ཞིག་བྱེད་ལ་ཉེ་བའི་དོན་སྟོན།
Keyword True
Example ཤིང་གཅོད་ཁ་སྟ་རེ་བརྡར། ཕག་བཤའ་ཁ་ལྟོ་བླུད། ཉི་མ་འཆར་ཁ་ལས་འགོ་བཟུང་། གཏམ་བཤད་ཁ་འཚབ་མ་ལངས་ལྟ་བུ།