27136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ནོད་དཔོན་གསས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་དཔོན་གསས་ལྷ་ལ་བསྙེན་པར་བྱ་བ་སྟེ། དེ་ཡང་འགྲོ་རྣམས་འཁོར་བ་ལས་ཐར་པར་འདྲེན་པ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དབང་ལུང་མན་ངག་ཀུན་འབྱུང་གི་གནས་ཏེ། ཡི་དམ་ལྷ་ཚོགས་ཀྱི་དབང་ཞུ་ཡུལ་གྱི་དཔོན་གསས་བླ་མ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། གཞན་ཡང་དབང་སྣོད་དཔོན་གསས་ནི། ཨ་དཀར་གསང་བའི་དོན་རྣམས་ཀྱི། རྒྱུད་ལུང་མན་ངག་ཐུགས་ལ་གསལ། དཀྱིལ་འཁོར་ཕྱི་ནང་ཐམས་ཅད་ཀྱི། དོན་གསལ་རྟོགས་པའི་དབང་རྣམས་ཐོབ། དེ་ལ་དཀྱིལ་འཁོར་དབང་རྣམས་ནོད། ཅེས་པས། དེ་ཡང་ཐེག་ཆེན་ཨ་དཀར་གསང་སྔགས་ཀྱི་ལྟ་སྤྱོད་སྒོམ་པ་སོགས་ཀྱི་དོན་རྣམས་སྟོན་པའི་སྡེ་སྣོད་རྒྱུད་ལུང་མན་ངག་ཀུན་ཐུགས་ལ་གསལ་ཞིང་། དཀྱིལ་འཁོར་ཕྱི་ནང་ཐམས་ཅད་ཀྱི་དོན་གསལ་བར་རྟོགས་ལ་དེ་དག་གི་དབང་ཡང་རྫོགས་པར་ཐོབ་པ་ཞིག་དགོས་པར་བཤད་དོ། །དེ་ལའང་ནང་གསེས་དབྱེ་ན། དབང་ནོད་དཔོན་གསས་དམ་པ་དང་། དབང་ནོད་དཔོན་གསས་ཆེན་པོ་གཉིས་སུ་ཡོད་དོ། །
Domain ཆོས་ལུགས།

{{#arraymap:དབང་ནོད་དཔོན་གསས་

|; |@@@ | | }}