27137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ནོད་དཔོན་གསས་ཆེན་པོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་དཔོན་གསས་ལྷ་ལ་བསྙེན་པར་བྱ་བ་སྟེ། དེ་ཡང་འགྲོ་རྣམས་འཁོར་བ་ལས་ཐར་པར་འདྲེན་པ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དབང་ལུང་མན་ངག་ཀུན་འབྱུང་གི་གནས་ཏེ། ཡི་དམ་གྱི་ལྷ་གང་གི་དབང་ཞུ་ཡུལ་དཔོན་གསས་བླ་མ་ཆེན་པོ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། གཞན་ཡང་དབང་སྣོད་དཔོན་གསས་ནི། མཁས་པར་བློ་སྦྱངས་གདམས་ངག་ཐོབ། བཙུན་པར་ཁྲིམས་བསྲུང་དགེ་དེས་ཆེ། མཁས་པར་གྲགས་ཤིང་ཀུན་གྱིས་བཀུར། མན་ངག་སྙིང་པོ་རྡེང་དང་ལྡན། དབང་ནོད་དཔོན་གསས་ཆེན་པོ་ཡིན། ཞེས་པས། དེ་ཡང་རྨོངས་ཤིང་འཐིབས་པ་ལྟ་བུ་མ་ཡིན་པ་སྤྱིར་རིག་པའི་གནས་ཀུན་ལ་མཁས་པར་སྦྱངས་པས། བཀའ་ལུང་སྡེ་སྣོད་ཀུན་གྱི་གདམས་ངག་ཐོབ་པ། བཙུན་པར་རྩ་ལག་གི་ཁྲིམས་རྣམས་མ་ཉམས་ཤིང་དམ་པོར་བསྲུངས་པས་མཐུ་ནུས་ཀྱིས་གཞན་ལ་བཀའ་བཙན་པའི་དགེ་སྟོབས་ལྡན་པ། དེ་ལྟར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་ཅིང་སྙན་པའི་གྲགས་པ་ལྡན་པས་གཞན་གྱིས་བཀུར་འོས་སུ་གྱུར་པ། མན་ངག་ཀུན་གྱི་སྙིང་པོ་ཐེག་པ་ཆེན་པོའི་ལྟ་སྤྱོད་སྒོམ་པའི་དོན་རྟོགས་ཤིང་གོམས་པ་གདེངས་ཐོབ་པའི་སྐྱེས་བུ་ཞིག་དགོས་སོ། །
Domain ཆོས་ལུགས།

{{#arraymap:དབང་ནོད་དཔོན་གསས་ཆེན་པོ་

|; |@@@ | | }}