27138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ནོད་དཔོན་གསས་དམ་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་དཔོན་གསས་ལྷ་ལ་བསྙེན་པར་བྱ་བ་སྟེ། དེ་ཡང་འགྲོ་རྣམས་འཁོར་བ་ལས་ཐར་པ་འདྲེན་པར་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དབང་ལུང་མན་ངག་ཀུན་འབྱུང་གི་གནས་ཏེ། ཡི་དམ་གྱི་དབང་ཞུ་ཡུལ་དཔོན་གསས་བླ་མ་དམ་པ་དེེ་ཉིད་ལ་བྱ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། གཞན་ཡང་དབང་སྣོད་དཔོན་གསས་ནི། རིགས་ནས་ཁུངས་བཙུན་དོན་ལ་མཁས། དབང་རྒྱུད་ཆུ་བོའི་ཟམ་མ་ཆད། མཁས་ཤིང་གྲོལ་བར་མ་གྱུར་ཡང་། གདམས་ངག་རྒྱུད་པ་ངེས་པར་འཛིན། དབང་ནོད་དཔོན་གསས་དམ་པ་ཡིན། ཞེས་པས། དེ་ཡང་དམན་པའི་རིགས་ལྟ་བུ་མ་ཡིན་པ་རིགས་བཟང་ཞིང་ཁུངས་བཙུན་པ་བཀའ་ལུང་སྡེ་སྣོད་ཀུན་གྱི་དོན་ལ་མཁས་པ། དཀྱིལ་འཁོར་ཕྱི་ནང་གི་དབང་རྒྱུད་རྣམས་ཆུ་བོའི་རྒྱུན་བཞིན་གོང་ནས་གོང་མར་ཟམ་མ་ཆད་པ་རྒྱུན་ཐག་རིང་བ། བཀའ་ལུང་གི་ཚིག་དོན་ལ་འཆད་ཁྲིད་མཁས་པས་གཞན་ལ་གྲོལ་བར་མ་གྱུར་ཡང་ལུང་སྡེ་སྣོད་ཀུན་གྱི་གདམས་ངག་རྒྱུད་ལ་ཕྱུག་ཅིང་ངེས་པར་འཛིན་ནུས་པ་ཞིག་དགོས་པར་བཤད་དོ། །
Domain ཆོས་ལུགས།

{{#arraymap:དབང་ནོད་དཔོན་གསས་དམ་པ་

|; |@@@ | | }}