From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབང་པོ་ཉམས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ནུས་པ་ཉམས་ཤིང་མཐུ་ཆུང་བར་གྱུར་ཏེ། རང་རང་གི་ཡུལ་གཟུགས་ལ་སོགས་པ་ལེགས་པར་འཛིན་མི་ཐུབ་པར་གྱུར་ཏེ་རྒན་རྒོན་དུ་གྱུར་བའི་དོན།
|
| Example
|
མིག་གི་དབང་པོ་ཉམས་ནས་མི་མཐོང། རྒན་རྒོན་ཚོའི་དབང་པོ་ཉམས་པ་རེད་ལྟ་བུ།
|
དབང་པོ་ཉམས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མིག་དབང་སོགས་ལ་སྐྱོན་ཞུགས་པའི་དོན།
|
དབང་པོ་ཉམས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
རླིག་འབྲས་བཏོན་པའི་སྐྱེས་པ།
|
| Type
|
མངོན་བརྗོད།
|