27165
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡན་ལག་དང་མིག་སོགས་གང་རུང་མེད་པའི་དོན། |
Example | དབང་པོ་མ་ཚང་བའི་མི་ལ་འཕྱ་སྨོད་མ་བྱེད། དབང་པོ་མ་ཚང་བའི་མི། |
{{#arraymap:དབང་པོ་མ་ཚང་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། སྡོམ་པ་སོགས་སྐྱེ་བའི་སྐལ་བ་ཅན་གྱི་དབང་པོ་མ་ཚང་བ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། (མཚམས་མེད་ཀྱི་ལས་དེ། )གླིང་གསུམ་གྱི་ནང་དུ་ཡང་སྐྱེས་པ་དང་བུད་མེད་ཀྱི་རྟེན་ལ་མ་གཏོགས་ཟ་མ་དང༌། མ་ནིང་སོགས་ཀྱི་རྟེན་ལ་མི་འབྱུང་སྟེ། དེ་དག་ཀྱང་སྡིག་པའི་བསམ་པ་མི་བརྟན་པ་མ་ཟད་སྡོམ་པ་སྡོམ་མིན་གང་གི་ཡང་རྟེན་དུ་མི་རུང་བའི་ཕྱིར་དང༌། དེ་དག་གི་ཕ་མ་རྣམས་ཀྱིས་བྱིས་པ་དབང་པོ་མ་ཚང་བར་བསྐྱེད་པས་ཕན་པ་ཆུང་བ་དང༌། དེ་དག་ཀྱང་ཕ་མ་ལ་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །སྐབས་འདིར་དབང་པོ་མ་ཚང་བར་བསྐྱེད་པ་ཞེས་པ་ནི། མིག་སོགས་དབང་པོ་མ་ཚང་བ་ལ་བྱེད་པ་མིན་ཏེ་སྡོམ་པ་སོགས་སྐྱེ་བའི་སྐལ་བ་ཅན་གྱི་དབང་པོ་མ་ཚང་བ་ལ་བྱེད་པ་ཡིན་ནོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དབང་པོ་མ་ཚང་བ་
|; |@@@ | | }}