27166
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། དབང་པོ་ནང་ན་མང་པོར་ལྡན་པ་ལ་བཅུ་དགུ་དང་ལྡན་པ་སྲིད་དེ། གང་ཞེ་ན་དྲི་མ་མེད་པའི་དབང་པོ་གསུམ་པོ་རྣམས་མ་གཏོགས་པ་རྣམས་སོ། །དེ་ཡང་འདོད་པ་པའི་གང་ཟག་དབང་པོ་རྣམས་ཚང་ཞིང་མཚན་གཉིས་པ་ལ་ཡིན་ནོ། །དེ་ནི་སོ་སོའི་སྐྱེ་བོ་ལ་ཡིན་གྱི་དེར་མ་ཟད་གཞན་ཡང་འཕགས་པ་ཆགས་བཅས་ཏེ། རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་འདོད་པ་ལས་འདོད་ཆགས་དང་མ་བྲལ་བའང་གྲངས་བཅུ་དགུ་དང་ལྡན་པ་སྲིད་དེ། གང་ཞེ་ན་ཕོ་མོའི་མཚན་གང་ཡང་རུང་བ་གཅིག་མ་གཏོགས་པ་དང་། ཀུན་ཤེས་པར་བྱེད་པ་དང་ལྡན་པ་ལ་དྲི་མ་མེད་པའི་དབང་པོ་ཕྱི་མ་གཉིས་མ་གཏོགས་པ་རྣམས་དང་ལྡན་ལ། ཀུན་ཤེས་པ་དང་ལྡན་པ་ལ་དྲི་མ་མེད་པའི་དབང་པོ་སྔ་ཕྱི་གཉིས་མ་གཏོགས་པ་རྣམས་དང་ལྡན་པའི་ཕྱིར་རོ། །འཕགས་པ་ལ་མཚན་གཉིས་པ་མི་སྲིད་པའི་ཕྱིར་མཚན་གཅིག་མ་གཏོགས་ཞེས་བྱ་བ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་རྣམས་ནི་ཡིད་མི་བདེ་མི་ལྡན་པའི་ཕྱིར་ཆགས་བཅས་སྨྲོས་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དབང་པོ་མང་ལྡན་
|; |@@@ | | }}