27168
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དབང་ཤེས་ཙམ་གྱི་མཚན་ཉིད་ནི་དབང་པོ་ལ་བརྟེན་ནས་རིག་པ་ཞེས་བྱ་བ་ཡིན་ལ། དབང་པོའི་མངོན་སུམ་གྱི་མཚན་ཉིད་དབང་པོ་ལ་བརྟེན་པའི་ཤེས་པ་མ་འཁྲུལ་པའོ། །དེ་ཉིད་ཚད་མའང་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། དབང་པོ་མངོན་སུམ་གྱི་མཚན་ཉིད་ནི། དབང་ཤེས་གང་ཞིག་རྟོག་བྲལ་མ་འཁྲུལ་བའོ། །འདི་ནི་རྒྱུའི་ཁྱད་པར་རྐྱེན་གསུམ་ལས་སྐྱེས་ཏེ། འདི་ལ་རྐྱེན་གསུམ་གྱི་བྱེད་པ་གསུམ་དམིགས་པའི་ཕྱིར་རོ། །རྐྱེན་གསུམ་དུ་མ་འདུས་པའི་རྒྱུའི་རྐྱེན་ཞེས་པའི་ལོགས་པ་ནི་འདིར་མི་བཞེད་དོ། །དེ་ཡང་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་ནི། དམིགས་རྐྱེན་གྱི་མཐུ་ཡིན་ཏེ། དོན་གྱི་རྣམ་ལྡན་དུ་སྐྱེ་ཞིང་། རྐྱེན་གཞན་གཉིས་ཀྱིས་རྣམ་ལྡན་དུ་མི་སྐྱེ་བའི་ཕྱིར། རིག་ཙམ་དུ་སྐྱེ་བ་ནི་དེ་མ་ཐག་རྐྱེན་གྱི་མཐུ་ཡིན་ཏེ། དབང་པོ་དང་དམིགས་རྐྱེན་ལ་རང་གི་རིགས་འདྲ་རིག་པར་སྐྱེད་པའི་མཐུ་མེད་པའི་ཕྱིར་རོ། །གཟུགས་ཁོ་ནའི་ཡུལ་ཅན་དུ་སྐྱེ་བ་ནི་བདག་རྐྱེན་གྱི་མཐུ་སྟེ། འདི་ཁོ་ན་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དམིགས་རྐྱེན་ནི་རང་གཞན་གཉིས་ཀའི་མཐོང་བ་ཡིན་པའི་ཕྱིར་དང་། དེ་མ་ཐག་རྐྱེན་ཡང་ཚོགས་དྲུག་ཀའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །དབང་ཤེས་འཁྲུལ་བ་ལ་ཡང་དམིགས་རྐྱེན་ཡོད་དེ། ཟླ་གཅིག་ཟླ་བ་གཉིས་འཛིན་གྱི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། ཟླ་བའི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། གཟུང་དོན་ནི་མིན་ཏེ། ཡུལ་འཁྲུལ་པ་ཡིན་པའི་ཕྱིར་དང་། གཟུང་དོན་ལ་རང་འདྲའི་རྣམ་པ་གཏོད་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང་། །དེ་ཡི་ངོ་བོ་རྗེས་བྱེད་པ། །ཚུལ་འདི་དོན་ལྡན་མ་ཡིན་ཏེ། །འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་ཚད་མའི་རྣམ་བཤད་ལས་སོ། ། དབང་མངོན་གྱི་མཚན་ཉིད་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག་རྟོག་བྲལ་མ་འཁྲུལ་བའོ། །དབྱེ་བ་ལ། བདག་རྐྱེན་གྱི་སྒོ་ནས་མིག་གི་དབང་པོ་མངོན་སུམ་ནས། ལུས་ཀྱི་དབང་པོའི་མངོན་སུམ་གྱི་བར་ལྔ། དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་གྱི་བར་ལྔ། དེ་མ་ཐག་རྐྱེན་གྱི་སྒོ་ནས་རང་ངེས་དབང་མངོན་དང་། གཞན་ངེས་དབང་མངོན་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
Domain | ཚད་མ། |
{{#arraymap:དབང་པོ་མངོན་སུམ་
|; |@@@ | | }}