27172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་པོ་ཟག་བཅས་ཟག་མེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་དེ་དག་ལས་གཅིག་ཏུ་ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་གསུམ་ནི་གཅིག་ཏུ་དྲི་མ་སྟེ་ཟག་པ་མེད་པ་ཁོ་ན་ཡིན་ནོ། །མིག་ལ་སོགས་པ་དབང་པོ་གཟུགས་ཅན་བདུན་དང་། སྲོག་གི་དབང་པོ་དང། ཡིད་མི་བདེ་དང། སྡུག་བསྔལ་དག་སྟེ་བཅུ་ནི་སྒོམ་སྤང་ཡིན་པས་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ། །ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་དགུ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀ་ཡིན་ཏེ། ལམ་གསུམ་གྱི་ཚོགས་པ་ན་ཡོད་པ་ཟག་མེད་དང། གཞན་དག་ནི་ཟག་བཅས་ཡིན་པའི་ཕྱིར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། དབང་པོ་ཉི་ཤུ་རྩ་གཉིས་པོ་དེ་ལ་ཟག་པ་དང་བཅས་མ་བཅས་སོགས་ཇི་ལྟ་བུ་ཞེ་ན། ཀུན་ཤེས་བྱེད་པའི་དབང་པོ་སོགས་གསུམ་ནི་ཟག་མེད་ཁོ་ན་དང། མིག་གི་དབང་པོ་སོགས་ལྔ། ལུས་དབང་གི་ཆ་ཤས་ཕོ་མོའི་དབང་པོ་གཉིས་ཏེ་གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་གི་དབང་པོ་དང། ཚོར་བ་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་གཉིས་དང་བཅས་པ་བཅུ་ནི་ཟག་བཅས་ཁོ་ན་དང། དད་པའི་དབང་པོ་སོགས་ལྔ། ཡིད་ཀྱི་དབང་པོ་ཚོར་བ་གཞན་གསུམ་གྱི་དབང་པོ་སྟེ་དགུ་ལ་ཟག་བཅས་དང་ཟག་མེད་གཉིས་ཀ་ཡོད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:དབང་པོ་ཟག་བཅས་ཟག་མེད་

|; |@@@ | | }}