27178
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་རྒྱུ་ཅན་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་ཐལ་མོ་འབྱར་ནས་སྐྱེ་བ་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་སྔོ་ལྗང་ཆིག་སྐྱེས་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་འདྲོང་པོར་སྐྱེ་བར་ཡལ་ག་མེད་ཅིང༌། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ་སྨད་ཆས་སྡོང་པོ་རིམ་པས་བཏུམ་སྟེ་སྐྱེ་བ་དང༌། མེ་ཏོག་དམར་སྐྱ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་པོའི་རྩེར་ཚགས་དམ་པོར་འཆར་ཡོད། འབྲས་བུ་སྐམ་ཚག་རྩེ་རྣོ་བའི་ནང་འབྲུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ལྡན་པ། དབང་ལག་ལ་རིགས་མི་འདྲ་བ་མང་པོ་མཆིས་ཀྱང་རྩ་བ་མིའི་ལག་པ་འདྲ་ཞིང་མཛུབ་མོ་བཞི་ལྔ་བྱས་པ་མང་བ་མཐོང་ཞིང༌། སྐྱེ་གནས་དབང་གིས་མེ་ཏོག་སེར་པོ་འཆར་བ་དང༌། མེ་ཏོག་དམར་པོ་འཆར་བའང་ཡོད་དེ། བོད་ཀྱི་ཤིང་ནགས་ཡིན་པའི་ས་ཁུལ་གྱི་སྤང་དང༌། ཆུ་འགྲམ། ན་བ་སོགས་རླན་གཤེར་ཆེ་བའི་སར་སྐྱེ་བ། རྩ་བ་བོད་ཟླ་བདུན་པ་བརྒྱད་པའི་ནང་ཆུ་རྣམས་རིམ་བཞིན་ཤ་རྒྱུ་ལ་ཐིམ་པའི་སྐབས་སུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསྐམས་ནས་ནད་བབ་དང་བསྟུན་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་དྲོ་ཞིང་སྣུམ་པས་ལུས་ཀྱི་སྟོབས་དང༌། ཁུ་བ་སྐྱེད་པར་བྱེད་ཅིང༌། བཅུད་ལེན་དུ་བསྟེན་ན་ལུས་ཀྱི་མདངས་སྟོབས་དང་ཚེ་བསྲིང་བར་བྱེད་པ་ཡིན། |
Domain | གསོ་རིག |
{{#arraymap:དབང་པོ་ལག་པ་
|; |@@@ | | }}