From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབང་པོ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
མིག རྣ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་ལྔ།
|
དབང་པོ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
རྣམ་བྱང་གི་དབང་པོ་ལྔ་སྟེ། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་སྟེ་ལྔ། འདི་ལྔའི་དབང་གིས་སེམས་ལས་སུ་རུང་བའི་རྒྱུད་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་བ་ལ་དབང་བའི་ཕྱིར་དབང་པོ་ལྔ་ཞེས་བྱ།
|
| Domain
|
ཆོས་ལུགས།
|
དབང་པོ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་ཚོར་བ་བདེ་སྡུག་གཉིས། ཡིད་ཀྱི་ཚོར་བ་བདེ་དང་མི་བདེ་གཉིས། ཚོར་བ་བཏང་སྙོམས་དང་ལྔ།
|