27194
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མངོན་སུམ་ལ་བཞིར་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (དབང་པོའི་མངོན་སུམ་གྱི་མཚན་ཉིད། ) རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན། གཟུགས་འཛིན་དབང་པོའི་མངོན་སུམ། སྒྲ་འཛིན། དྲི་འཛིན། རོ་འཛིན། རེག་འཛིན་དབང་པོའི་མངོན་སུམ་དང་ལྔའོ། །ཞེས་གསུངས། |
Domain | ཚད་མ། |
{{#arraymap:དབང་པོའི་མངོན་སུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ། དེ་ལ་དབྱེ་ན། མིག་གི་དབང་པོའི་མངོན་སུམ། རྣ་ཡི་དབང་པོའི་མངོན་སུམ། སྣ་ཡི་དབང་པོའི་མངོན་སུམ། ལྕེ་ཡི་དབང་པོའི་མངོན་སུམ། ལུས་ཀྱི་དབང་པོའི་མངོན་སུམ་དང་ལྔ་ཡོད། |
{{#arraymap:དབང་པོའི་མངོན་སུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བང་པོའི་མངོན་སུམ་ཞེས་པ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ཞིག་ལ་བརྟེན་ནས་སྐྱེས་པའི་མངོན་སུམ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པ་གང་ཞིག། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། དབང་པོའི་མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དབང་མངོན་དུ་གྱུར་པའི་ཚད་མ། དཔྱད་ཤེས། སྣང་ལ་མ་ངེས་པའི་བློ་དང་གསུམ་ལས་དང་པོ་ནི། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ལྟ་བུའོ། །གཉིས་པ་ནི། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ལྟ་བུའོ། །གསུམ་པ་ནི། ཡིད་སྒྲ་སྙན་པ་ལ་ལྷག་པར་ཆགས་བཞིན་པའིསྐྱེས་བུའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ལྟ་བུའོ། །ཡང་དབང་མངོན་ལ་དབྱེ་ན། གཟུགས་འཛིན་དབང་མངོན། སྒྲ་འཛིན་དབང་མངོན། དྲི་འཛིན་དབང་མངོན། རོ་འཛིན་དབང་མངོན། རེག་འཛིན་དབང་མངོན་དང་ལྔ་ལས། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་དང། རང་གི་དམིགས་རྐྱེན་དུགྱུར་པའི་གཟུགས་ལ་བརྟེན་ནས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། གཟུགས་འཛིན་དབང་མངོན་གྱི་མཚན་ཉིད། དེ་བཞིན་དུ། རང་གི་ཐུན་མོང་མ་ཡིན་པའི་རྣ་བའི་དབང་པོ་དང། རང་གི་དམིགས་རྐྱེན་དུ་གྱུར་བའི་སྒྲ་ལ་བརྟེན་ནས་སྐྱེས་པ་སོགས་ཕྱི་མ་རྣམས་ལ་རིགས་འདྲའོ། །ཞེས་གསུངས། |
{{#arraymap:དབང་པོའི་མངོན་སུམ་
|; |@@@ | | }}