27207
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། དབང་པོ་ལྔ་ཡི་ནང་ཚན་མིག་གི་དབང་པོ་ལ་སོགས་པའི་སྣང་ཡུལ་དུ་གྱུར་པའི་གང་ཟག་མི་ཡི་རིགས་དང་། ཡང་ན་མིས་བཀོལ་སྤྱོད་བྱེད་པའི་འགྲོ་བ་གཞན་དུད་འགྲོའི་རིགས་སུ་གྱུར་པའི་སེམས་ཅན་གྱི་རྨ་སྒོ་ལ་ཆགས་པའི་དབང་གིས་འཁྲིག་སྦྱོར་བྱེད་པ་ནི། དབང་པོའི་སྒོ་སྟེ་མིག་གི་དབང་པོ་སོགས་ཀྱིས་མཐོང་ཞིང་འགྲོ་བ་དེ་དག་གི་རྨ་སྒོ་ལ་བྱེད་མི་འོས་པ་ནི་བསྲུང་བར་བསྟན་པ་ཡིན་ཏེ། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ལས། མིག་ལ་སོགས་དབང་པོ་སྒོ་ཡིས་བསྲུང་བའི་མི་དང་། འགྲོ་བ་གཞན་དུད་འགྲོ་ལ་སོགས་ཀྱི་རྨ་སྒོ་ལ་དང་། ནོར་བུ་ནད་མེད་ལས་སུ་རུང་བ་དང་བཅས་པའོ། །ཞེས་གསུངས་པ་ལྟར། སེམས་ཅན་དེ་དག་གི་རྨ་སྒོ་ལ་སྡོམ་ལྡན་རྣམས་ཀྱིས་ལོངས་སུ་སྤྱོད་ན་རང་རྒྱུད་ཀྱི་ཚུལ་ཁྲིམས་ཉམས་པ་ལ་སོགས་རྩ་བའི་ཁྲིམས་ལ་ཉེས་པ་འབྱུང་བའི་དོན་ལ་གོ་བར་སེམས། |
Domain | ཆོས་ལུགས། |
{{#arraymap:དབང་པོའི་སྒོ་བསྲུང་བ་
|; |@@@ | | }}