27209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་པོར་གྱུར་པའི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གསུམ་པ་སྟོན་པ་ལ། ཆོས་ཀྱི་ཕྱེད་དང་གང་དག་ནི། བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་གསུངས། དེ་རྣམས་ལ་དབང་པོ་ཡིན་མིན་གྱི་དབྱེ་བ་ཡོད་དེ། ཆོས་ཁམས་ཀྱི་ཕྱེད་དེ་ཕྱོགས་གཅིག་དད་སོགས་ལྔ་དང་ཚོར་བ་ལྔ་དང་སྲོག་སྟེ་བཅུ་གཅིག་དང་། མིག་སོགས་ལྔ་དང་། སེམས་ཀྱི་ཁམས་བདུན་ཏེ་ནང་གི་ཁམས་སུ་བཤད་པ་བཅུ་གཉིས་རྣམས་ནི་དབང་པོ་ཡིན་ལ། ལྷག་མ་ཁམས་ཕྱེད་དང་དྲུག་པོ་དབང་པོ་མ་ཡིན་པའི་ཕྱིར། མདོ་ལས་དབང་པོ་ཉེར་གཉིས་གསལ་བར་གསུངས་ཏེ། བྲམ་ཟེ་རང་བཞིན་ཉན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ལ་བྲམ་ཟེ་རང་བཞིན་ཉན་གྱིས་གསོལ་བ། ཀྱེ་གོའུ་ཏ་མ་དབང་པོ་རྣམས་དབང་པོ་ཞེས་བགྱིས་ན། ཀྱེ་གོའུ་ཏ་མ་དབང་པོ་རྣམས་ནི་དུ་ཞིག་མཆིས་ཇི་སྙེད་གཅིག་གིས་ནི་དབང་པོ་རྣམས་བསྡུ་བ་ལགས། བྲམ་ཟེ་དབང་པོ་ཉི་ཤུ་རྩ་གཉིས་པོ་འདི་དག་ཡིན་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། མོ་དང་། ཕོ་དང་། སྲོག་དང་། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་དང་། ཡིད་མི་བདེ་དང། བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་ལྡན་པའི་དབང་པོའོ། །བྲམ་ཟེ་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་ཡིན་ཏེ། འདི་ཙམ་གྱིས་དབང་པོ་རྣམས་བསྡུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:དབང་པོར་གྱུར་པའི་ཁམས་

|; |@@@ | | }}