27213

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཕྱུག་གི་ཡོན་ཏན་བརྒྱད་ (1)
Part of speech མིང་ཚིག
Definition ཡེ་ཤེས་ཀྱི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་ལས་བྱུང་བ་སྟེ། ཕྲ་བ། ཡང་བ། མཆོད་པར་བྱ་བ། བདག་པོར་གྱུར་པ། དབང་དུ་གྱུར་པ། གང་ཡང་ཕྱིན་པ། འདོད་དགུར་ལྡན་པ། དགའ་མགུར་གནས་པའོ། །
Domain ཆོས་ལུགས།

{{#arraymap:དབང་ཕྱུག་གི་ཡོན་ཏན་བརྒྱད་

|; |@@@ | | }}

དབང་ཕྱུག་གི་ཡོན་ཏན་བརྒྱད་ (2)
Part of speech མིང་ཚིག
Definition སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ། གཟུགས་ཕྲ་བའི་ཡོན་ཏན། གཟུགས་རེག་པ་ཡང་བའི་ཡོན་ཏན། གཟུགས་ཁྱབ་པའི་ཡོན་ཏན། གཟུགས་ཡང་དག་ཐོབ་པའི་ཡོན་ཏན། གཟུགས་རབ་ཏུ་གསལ་བའི་ཡོན་ཏན། གཟུགས་རབ་ཏུ་བརྟན་པའི་ཡོན་ཏན། དབང་ཕྱུག་གི་ཡོན་ཏན། འདོད་རྒུར་སྒྱུར་བའི་ཡོན་ཏན་ནོ། །

{{#arraymap:དབང་ཕྱུག་གི་ཡོན་ཏན་བརྒྱད་

|; |@@@ | | }}

དབང་ཕྱུག་གི་ཡོན་ཏན་བརྒྱད་ (3)
Part of speech མིང་ཚིག
Definition རྫུ་འཕྲུལ་གྱི་དབང་ཕྱུུག་གིས་གཞན་སྤྱོད། ཀུན་ཏུ་འགྲོ་བའི་དབང་ཕྱུག་གིས་ཐམས་ཅད་ལ་འཇུག། གནས་ཀྱི་དབང་ཕྱུག་གིས་གཞན་སྨིན་པར་བྱེད། སྐུའི་དབང་ཕྱུག་གིས་གཞན་གྱི་རྟེན་བྱེད། གསུང་གི་དབང་ཕྱུག་གིས་གཞན་རྗེས་སུ་འཛིན། ཐུགས་ཀྱི་དབང་ཕྱུག་གིས་གསལ་བར་བྱེད། ཡོན་ཏན་གྱི་དབང་ཕྱུག་གིས་དབུལ་བ་སེལ་བར་བྱེད། འཕྲིན་ལས་དབང་ཕྱུག་གིས་མཐུ་དང་ལྡན་པའོ། །

{{#arraymap:དབང་ཕྱུག་གི་ཡོན་ཏན་བརྒྱད་

|; |@@@ | | }}