27221
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་རབ་བྱུང་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༣༢ ལོར་སྐུ་བལྟམས། སྐུ་གཞོན་དུས་ནས་ཐུགས་རིགས་བཟང་ཞིང་ཀཿཐོག་པའི་སྔ་སྲོལ་གྱི་དབང་ཁྲིད་གདམས་ངག་ཡོངས་རྫོགས་གྲུབ་དབང་བསོད་ནམས་བཟང་པོ་སོགས་ལས་གསན་བསམ་མཐར་ཕྱིན་མཛད། དགུང་ལོ་སོ་བརྒྱད་ནས་ལོ་གྲངས་བཅོ་ལྔའི་བར་ཀཿཐོག་གི་གདན་སར་ཕེབས་ནས་ཕྱོགས་ཀྱི་འདུས་པ་རྣམས་ལ་སྨིན་ཁྲིད་མཛད། སྐབས་ཤིག་ཞིག་ན་ཅང་མི་གསུང་པས་རྒྱུས་མེད་ཀྱི་སྣང་བ་ལ་ལྐུགས་པ་ལྟར་མཛད་པས་དྲུང་ལྐུགས་ཞེས་གྲགས། སྐལ་ལྡན་སློབ་མ་རེ་འགའ་ལ་སྙན་བརྒྱུད་ཀྱི་གདམས་ཁྲིད་ཅུང་ཟད་རེ་གསུང་པ་ལས་སྒྲུབ་པ་གཙོ་བོར་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། འདི་དུས་འཇང་གི་དམག་དཔུང་ཆེན་པོ་འོང་སྐབས་ཉེར་གནས་ཀྱིས་དམག་ཉེ་སར་བྱུང་ཚུལ་ཞུས་པས་ངག་གྲོལ་ཏེ་ངའི་ཐོག་ཏུ་རྩམ་པ་ཚན་ཆེན་པོ་སྤུངས་ཤིག་གསུངས་པས་སྐུ་སྐེད་བར་བླུགས་པས་གློ་བུར་དུ་ཁ་བ་ཆེན་པོ་བབས་པས་འཇང་དམག་མ་ཐར་ནས་ཕྱིར་ལོག་དགོས་པ་བྱུང༌། ཆོ་འཕྲུལ་ཆེན་པོ་བྱུང་བས་འཇང་དམག་རྣམས་ཀྱིས་བླ་མ་ཀཿཐོག་པའི་མཐུ་དང་ནུས་པ་ཡིན་པར་ཤེས་ནས་སླར་དད་པ་སྐྱེས་ཏེ་གསེར་གྱི་ཐུབ་པའི་སྐུ་ཤེལ་གྱི་མཆོད་རྟེན་ནང་བཞུགས་པ་དང༌། བ་སོའི་ལྷ་ཁང་བཅས་རྒྱའི་ལས་ཟོག་ཆོས་ཀ་མང་པོ་དང༌། ལྷ་ཁང་ཐོག་གསེར་འཕྲུ་ཆེན་མོ་གཅིག་བཅས་ཕུལ་བར་གྲགས། ཤིང་ཕོ་བྱི་བའི་ལོར་མགོ་ཟླའི་ཚེས་གཅིག་ལ་ཞི་བར་གཤེགས་སོ། ། |
{{#arraymap:དབང་ཕྱུག་དཔལ་
|; |@@@ | | }}