27233
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གསུམ་པའི་སྨད་དུ་འཁྲུངས། ཆུང་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་དགེ་སློང་གི་སྡོམ་པ་རྣམས་བཞེས། འདུལ་གཞུང་སོགས་ལ་ཐོས་བསམམཛད། ལེགས་སྦྱར་གྱི་སྐད་ཡིག་ལ་ནང་བྱན་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་པའི་རྒྱན་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ་བཞུགས། |
{{#arraymap:དབང་ཕྱུག་རྒྱལ་མཚན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འབའ་རོམ་པའི་གཅེན་པོ་ཉི་ཁྲི་ལ། སྲས་བཞི་ཡོད་པའི་ཆུང་ཤོས་ཀྱི་གོང་མ་ཨ་དར་གྱི་བཙུན་མོ་གཉིས་ལ་སྲས་དྲུག་ཡོད་པའི་ཆེ་བའི་སྲས་གསུམ་གྱི་ཆུང་བ་རུ། རབ་བྱུང་གསུམ་པའི་མེ་མོ་སྦྲུལ་ཕྱི་ལོ་ ༡༡༩༧ ལོར་སྐུ་འཁྲུངས། དགུང་ལོ་བཞི་བཅུ་ཞེ་གསུམ་ཐོག་འབའ་རོམ་གདན་སར་བྱོན། དེ་དུས་བེ་རུ་དང་ཧོར་བྱུང་ནས་དབུས་པ་ཐམས་ཅད་མ་བདེ། བྱང་ན་ལོ་བདུན་ན་མི་སྡེ་མེད། དཔོན་སློབ་བཅོ་ལྔ་བཞུགས་པ་ལ་གསོལ་རྒྱུ་མེད་ནས་རྗེ་འབའ་རོམ་པའི་སྐུ་འདྲའི་ཕྱག་ཏུ་ལྡེ་མིག་ཕུལ་ནས་བཤུམས་པས་མངོན་སུམ་དུ་མ་འགྲོ་གསུངས་པའི་གསུངས་བྱོན། དེ་ནས་ཧོར་ཁྲིམས་འཇགས་ལོ་བཅོ་ལྔ་ལ་བྱང་འབའ་རོམ་གྱི་གདན་ས་མཛད། དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་ཤིང་ཕོ་སྟག་ཕྱི་ལོ་ ༡༢༥༤ ལོར་མཁའ་སྤྱོད་དུ་གཤེགས་སོ། ། |
{{#arraymap:དབང་ཕྱུག་རྒྱལ་མཚན་
|; |@@@ | | }}