27241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བཅུའི་ཡོན་ཏན་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དབང་བཅུའི་ཡོན་ཏན་ནི། རྗེ་བཙུན་འཇམ་དཔལ་དབྱངས་ལ་ལྡན་པའི་ཡོན་ཏན་གྱི་བྱེ་བྲག་བཅུ་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ། རྗེ་བཙུན་ཉིད་དབང་བཅུའི་ཡོན་ཏན་དང་ལྡན་ཏེ། ཚེ་ལ་དབང་བ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེས་དང་། ཆོས་ལ་དབང་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབང་བཅུའི་ཡོན་ཏན་

|; |@@@ | | }}