27242
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཆུའི་དབང་དང་། ཅོད་པན་གྱི་དབང་དང་། དར་དཔྱངས་ཀྱི་དབང་དང་། རྡོ་རྗེ་དང་བཅས་པའི་དྲིལ་བུའི་དབང་དང་། བརྟུལ་ཞུགས་ཀྱི་དབང་དང་། མིང་གི་དབང་དང་། རྗེས་གནང་གི་དབང་རྣམས་སོ། །དེ་དག་གིས་སྨིན་ཚུལ་ནི། ཆུ་དང་ཅོད་པན་སོགས་ཀྱི་དབང་རྣམས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་སྨིན་བྱེད་དུ་འགྱུར་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་དབང་མདོར་བསྟན་གྱི་འགྲེལ་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ལས། ཆུ་ཅོད་ནི་བུམ་དབང་གི་སྔོན་འགྲོ་དང་སོར་བསམ་གྱི་སྨིན་བྱེད། དར་དཔྱངས་དང་དྲིལ་བུ་གསང་དབང་དང་སྲོག་འཛིན། བརྟུལ་ཞུགས་དང་མིང་འཇིག་རྟེན་པའི་ཤེར་དབང་དང་རྗེས་དྲན། རྗེས་གནང་ནི་འཇིག་རྟེན་འདས་པ་བཞི་བའི་སྔོན་འགྲོ་དང་། ཏིང་ངེ་འཛིན་གྱི་སྨིན་བྱེད་དུ་ཡང་སྦྱོར་ལ། དབང་བདུན་ནི་བསྐྱེད་རིམ་གྱི་དངོས་ཀྱི་སྨིན་བྱེད་དང་། རྫོགས་རིམ་གྱི་བརྒྱུད་པའི་སྨིན་བྱེད་དོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བདུན་
|; |@@@ | | }}