27244
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། རྣམ་པར་མི་རྟོག་པ་ལ་དབང་བ། ཞིང་ཁམས་དག་པ་ལ་དབང་བ། སོ་སོ་ཡང་དག་རིག་བཞི་ལ་དབང་བ། ཕྲིན་ལས་ལ་དབང་བའོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག དབང་རྣམ་པ་བཞི་སྟེ། འོད་གསལ་སྙིང་པོ་ལས། གཞི་དུས་ཀྱི་གནས་སྐབས་བཞི་ཡི་དྲི་མ་སེལ་ཞིང་། ལམ་བཞི་བསྒོམ་པ་དང་། འབྲས་དུས་སྐུ་བཞི་ཐོབ་པའི་དོན་གྱིས་དབང་རྣམ་པ་བཞི་སྟེ། ལུས་དང་རྩ་སྤྲུལ་སྐུར་དག་པར་བྱེད་པ་བུམ་པའི་དབང་། ངག་དང་རླུང་ལོངས་སྐུར་དག་པར་བྱེད་པ་གསང་བའི་དབང་། ཡིད་དང་ཐིག་ལེ་ཆོས་སྐུར་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒོ་གསུམ་ཆ་མཉམ་དུ་ངོ་བོ་ཉིད་སྐུར་དག་པར་བྱེད་པ་ཚིག་གི་དབང་སྟེ་བཞིར་ཡོད། ཅེས་གསུངས། |
{{#arraymap:དབང་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག དཔལ་དུས་ཀྱི་འཁོར་ལོའི་དབང་བཞི་སྟེ། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཤེས་རབ་ཡེ་ཤེས་ཆེན་པོའམ་འཇིག་རྟེན་ལས་འདས་པའི་དབང་རྣམས་ཡིན་ལ། ཇོ་ནང་ཏཱ་ར་ནཱ་ཐའི་དབང་མདོར་བསྟན་གྱི་འགྲེལ་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ལས། ཤེས་རབ་མའི་ནུ་མ་ལ་ཐབས་ཀྱི་ཡན་ལག་རེག་པའི་རྗེས་ཆགས་ལས། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་དཔྲལ་པར་འཕོས་ཤིང་འོངས་པ། རྣལ་འབྱོར་གྱི་ཐབས་ཀྱིས་ཅུང་ཟད་བཅིངས་པའི་བདེ་བའི་ཡེ་ཤེས་ནི་བུམ་དབང་སྟེ། དེ་ཡང་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་དགའ་བ་སྟེ་བཞིའི་བདག་ཉིད་དོ། །ཤེས་རབ་མའི་གསང་བར་ཐབས་ཀྱི་རྡོ་རྗེ་སྤྲོས་པ་སྟེ་ཕྱིན་པ་ལས། བྱང་ཆུབ་ཀྱི་སེམས་དཔྲལ་པ་ནས་ཞུ་སྟེ་མགྲིན་པ་ནས་བརྒྱུད་སྙིང་གར་འཕོས་པ་ལས་སྐྱེས་པའི་བདེ་བ་ཐབས་ཀྱིས་ཅུང་ཟད་བཅིངས་པ་ནི། གསང་དབང་གི་ཡེ་ཤེས་ཏེ། དེ་ལ་དབྱེ་ན་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་མཆོག་ཏུ་དགའ་བ་བཞིའོ། །སློབ་དཔོན་གྱིས་སློབ་མ་ལ་ཤེས་རབ་མ་གཏད་པ་ལས། ལག་བཅངས་དང་། སྙོམས་འཇུག་གི་སྤྱོད་པས་བྱང་ཆུབ་ཀྱི་སེམས་སྙིང་ག་ནས་གསང་བའི་བར་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་དགའ་བྲལ་བཞི་དང་། གསང་བ་ནས་ནོར་བུའི་བར་དུ། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་ལྷན་སྐྱེས་བཞིའོ། །ནོར་བུའི་རྩེ་མོར་གཡོ་ཞིང་བྱོན་པའི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡེ་ཤེས་ཏེ། སྔ་མ་གཉིས་ཀ་ལས་ཡུན་རིང་ཞིང་། ཁྱད་པར་དུ་གྱུར་ལ་མཐར་མི་བརྟན་པའི་ཕྱིར་རྒན་པོའོ། །འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རྣམ་པར་རྟོག་པའི་སྒོམ་པ་ལས་འབྱུང་བ་མ་ཡིན་ཏེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་རྗེས་སུ་ཆགས་པ་ལས། བྱང་ཆུབ་ཀྱི་སེམས་བཅིངས་ཤིང་བཟློག་པར་འགྱུར་ལ། དེ་ལས་སྐྱེས་པ་སྟེ་མངོན་དུ་གྱུར་པའི་བདེ་བ་གཡོ་བ་མེད་པ་ནི། ཤེས་རབ་མ་ཆེན་པོ་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་དབང་བསྐུར་བ་སྟེ། འཇིག་རྟེན་ལས་འདས་པའི་དབང་བཞི་པ་བསྐུར་བ། མི་འགྱུར་བའི་ཡེ་ཤེས་སོ། །ཞེེས་འབྱུང་ངོ་། ། |
{{#arraymap:དབང་བཞི་
|; |@@@ | | }}