27246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བཞི་པའི་རབ་ཏུ་བྱེད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དཔལ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའི་དབང་བཞི་པའི་རབ་ཏུ་བྱེད་པ། ཞལ་སྔ་དེ་ཉིད་དུ་ལེགས་པར་མཉན་ནས་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བས་བསྒྱུར། འདིའི་སྒྱུར་བ་པོ་དགེ་སློང་བསོད་ནམས་རྣམ་པར་རྒྱལ་བའི་མཚན་གྱི་རྣམ་གྲངས་ལ་“བྱམས་པ་གླིང་པ་ཡང་ཟེར། ཆོས་ཚན་འདི་སྡེ་ཅིང་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཝི་པར་བཞུགས།

{{#arraymap:དབང་བཞི་པའི་རབ་ཏུ་བྱེད་པ་

|; |@@@ | | }}

དབང་བཞི་པའི་རབ་ཏུ་བྱེད་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་ནཱ་གཱརྫུ་ནས་མཛད་པའི་དབང་བཞི་པའི་རབ་ཏུ་བྱེད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར། བསྟན་འགྱུར་རྒྱུད་ངི་པར་བཞུགས།

{{#arraymap:དབང་བཞི་པའི་རབ་ཏུ་བྱེད་པ་

|; |@@@ | | }}