27252
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དེ་ཡང་བུམ་དབང་གི་དམ་ཚིག་ནི། མི་དགེ་བཅུ་སྤོང་། ཐེག་པ་དམན་པ་ལ་འདོད་པ་མི་བྱེད། ཆང་དང་སེམས་ཅན་གྱི་དོན་ལ་རྒྱབ་ཕྱོགས་པ་སྤོང་། ལྷ་སོགས་ཀྱི་མཚན་མ་མི་སྒོམ་པ་སྤོང་། རྩ་བ་དང་ཡན་ལག་གི་ལྟུང་བ་སྤོང་། རིགས་ལྔའི་སྡོམ་པ་མི་ཉམས་པར་སྲུང་བའོ། །གསང་དབང་གི་དམ་ཚིག་ནི། བདུད་རྩི་ལྔ་བསྟེན། རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱའི་དེ་ཁོ་ན་ཉིད་གསུམ་སྒོམ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་ནི། བྱང་ཆུབ་ཀྱི་སེམས་མི་སྤོང། ཉིན་མཚན་སོ་སོ་ལ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟེན་པའོ། །དབང་བཞི་པའི་དམ་ཚིག་ནི། དགོངས་ཏེ་གསུངས་པ་དམ་ཚིག་བཞི་སྤྱོད། དུག་ལྔ་སྤོང་། དེ་ཁོ་ན་ཉིད་སྒོམ་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡོམ་གསུམ་འབེལ་གཏམ་རྣམ་པར་ངེས་པ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བཞིའི་དམ་ཚིག་
|; |@@@ | | }}