27253
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དབང་བཞིའི་བྱེད་ལས་ནི། དབང་བཞི་བླངས་པ་དེ་ཡིས་རྟེན་གྱི་གང་ཟག་སློབ་མ་དེ་སྡོམ་པ་གསུམ་ལྡན་དུ་འགྱུར་བ་ཡིན་ཏེ། སྔར་སྡོམ་པ་འོག་མ་གཉིས་སྔོན་དུ་སོང་ན་དབང་བསྐུར་གྱི་ཚེ་སྔགས་སྡོམ་དུ་གནས་གྱུར་ནས་སྔགས་སྡོམ་གྱི་ངོ་བོར་གྱུར་པའི་སྡོམ་གསུམ་ངོ་བོ་གཅིག་ཏུ་ལྡན་པ་དང། སྔར་སྔོན་དུ་མ་སོང་ན་དབང་གི་སྟ་གོན་གྱི་སྐབས་སུ་རྒྱུན་བཤགས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ཚེ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ལྡོག་པ་ནས་བསྟན་པའི་སོ་ཐར་གྱི་སྡོམ་པ་དང། སྨོན་འཇུག་གི་སེམས་བསྐྱེད་ཀྱི་ལྡོག་པ་ནས་བསྟན་པའི་བྱང་སེམས་ཀྱི་སྡོམ་པ་དང། གནས་གསུམ་བྱིན་རླབས་ནས་བཟུང་སྟེ་དབང་བཞི་པའི་བར་རྣམས་སུ་སྔགས་ཀྱི་ལྡོག་པ་ནས་བསྟན་པའི་སྔགས་སྡོམ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བཞིའི་བྱེད་ལས་
|; |@@@ | | }}