27259
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དབང་བསྐུར་བའི་དུས་ཚོད་ངོས་བཟུང་བ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། དེ་ལྟར་དཔོན་གསས་ཐུགས་བཟུང་ནས། དུས་བཟང་ཤིས་པ་ཕུན་སུམ་ཚོགས། ར་བ་བཞི་ཡི་ཚེས་བརྒྱད་ཉ། བཀྲ་ཤིས་དུས་དང་ལྡན་པ་ལ། དབང་ནོད་རིམ་པ་རྫོགས་པར་བྱ། ཞེས་པས། དེ་ཡང་དབང་ཞུ་ཡུལ་གྱི་དཔོན་གསས་གང་དེ་ལ་དངོས་འབྱོར་གྱི་གསེར་དངུལ་རྟ་གླང་ལ་སོགས་འཁོར་འབངས་ཟང་ཟིང་གི་ལོངས་སྤྱོད་རང་ལ་གང་འབྱོར་འབུལ་ནས་བླ་མའི་ཐུགས་ཀྱིས་བཟུང་བར་བྱ་ཞིང་། དེ་ནས་ཟླ་བ་གང་ཡིན་གྱི་ཟླ་སྟོད་དུས་བཟང་དགེ་སྟོབས་འཕེལ་འགྱུར་ཕུན་སུམ་ཚོགས་པའི་ཉིན་མོ་ར་བ་བཞི་ཡི་ཚེས་བརྒྱད་དང་ཉ་རྣམས་ལ་རང་གིས་མོས་པའི་ཡི་དམ་གྱི་དབང་རྣམས་ཞུ་བའི་དུས་ཡིན་པར་བསྟན་ཏོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བསྐུར་གྱི་དུས་ཚོད་
|; |@@@ | | }}