27260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བསྐུར་གྱི་སློབ་མའི་གྲངས་ངེས་ (1)
Part of speech མིང་ཚིག
Definition སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེེས་ཡོད། །འདི་ནི་གསང་བ་སྤྱི་རྒྱུད་ལས། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤེས་སོ། །ཞེེས་གསུངས་འདི་ནི་ཀུན་ལ་འཇུག ། ཅེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། དམིགས་བསལ་སྤྱོད་པའི་རྒྱུད་ཀྱི་དབང་ལ་སློབ་མ་གྲངས་ངེས་མེད་པར་གསུངས་ཤིང་། སྤྱོད་རྒྱུད་ཀྱི་ལྷག་མ་དམིགས་བསལ་མ་མཛད་པ་རྒྱུད་སྡེ་གཞན་གསུམ་གྱི་དབང་བསྐུར་སློབ་མ་ལ་ནི་གྲངས་ངེས་ཡོད་དེ། གསང་བ་སྤྱི་རྒྱུད་ལས། རྡོ་རྗེ་སློབ་དཔོན་དབང་བསྐུར་བའི་ཆོ་ག་ལ་མཁས་པས། སློབ་མ་གཅིག་དང་གསུམ་དང་ལྔའམ་བདུན་ནས་ཉི་ཤུ་རྩ་ལྔའི་བར་གྲངས་ཟུང་དུ་མ་གྱུར་པ་ཡོངས་སུ་གཟུང་བ་ཤིས་ཤིང་། ཟུང་དུ་མ་གྱུར་པ་དང་། ཉི་ཤུ་རྩ་ལྔ་དེ་ལས་གྲངས་ལྷག་པའི་སློབ་མ་ནི་ཡོངས་སུ་གཟུང་བར་མི་ཤེས་སོ། །ཞེས་གསུངས་སོ། །ཉི་ཤུ་རྩ་ལྔ་ལས་གྲངས་ལྷག་པ་གཟུང་དུ་མི་རུང་བའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ཉི་ཤུ་རྩ་ལྔ་དེ་བས་ལྷག་བའི་སློབ་མ་ལ། ཐིག་ཚོན་བྱིན་བརླབ་དང་། བྲིས་ཤིང་རྒྱན་དགྲམ་པ་ནས་བཟུང་། དངོས་གཞིའི་ཆོ་ག་ཡོངས་སུ་རྫོགས་པ་ནི་མཚན་མོ་གཅིག་ལ་ཚར་མི་ནུས་ཤིང་། ནུབ་དེའི་མཚན་མོ་མ་ཚར་ན་ཆོ་ག་ཉམས་པར་འགྱུར་བར་གསུངས་པའི་ཕྱིར་རོ། །ཞེས་དང་། གཞུང་ཕལ་ཆེར་ལས། ལྷག་མ་དམིགས་བསལ་མཛད་པ་ཡི། །ཞེས་འབྱུང་བ་ནི་མ་དག་པ་སྟེ། དེ་ལྟར་ན་སྤྱོད་རྒྱུད་ལ་གྲངས་ངེས་མེད་པ་དེ་སྤྱིར་བཏང་དུ་སོང་བས། སྤྱིར་བཏང་དམིགས་བསལ་རྒྱ་ཆེ་ཆུང་གོ་ལྡོག་པར་འགྱུར་བའི་ཕྱིར་ཏེ། སྤྱོད་རྒྱུད་ཙམ་ལ་གྲངས་ངེས་མེད་པ་དེ་སྤྱིར་བཏང་དང་། རྒྱུད་གཞན་རྣམས་ལ་གྲངས་ངེས་ཡོད་པ་དེ་དམིགས་བསལ་དུ་འཆད་དགོས་པར་འགྱུར་བའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:དབང་བསྐུར་གྱི་སློབ་མའི་གྲངས་ངེས་

|; |@@@ | | }}