27284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བསྐུར་བའི་དུས་ (1)
Part of speech མིང་ཚིག
Definition དེ་ཡང་གསང་བ་སྤྱི་རྒྱུད་ལས། །ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་བར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སྤྱི་རྒྱུད་ཆེན་པོ་བཞིའི་ནང་ནས་དཀྱིལ་འཁོར་དང་དབང་བསྐུར་བ་ལ་སོགས་ཆོ་ག་གཙོ་བོར་སྟོན་པའི་རྒྱུད་དུ། གསང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ། སྲུང་བ་དང། སྐྱོབ་པ་དང། སྦེད་པ་དང། རྒྱུད་བྱིན་གྱིས་རླབས་པར་བྱེད་པའི་ཕྱི་ནང་གི་མཁའ་འགྲོ་ལ་སོགས་ལྷ་རྣམས་ཀྱང་ཉི་མ་ནུབ་ནས་རང་བཞིན་གྱིས་འདུ་ཞིང་དངོས་གྲུབ་སྟེར་བས་མཚན་མོའི་དུས་སུ་དབང་བསྐུར་བ་དང་གཏོར་མ་སྦྱིན་པ་ལ་སོགས་པ་གསུངས་ཤིང། ནམ་ལངས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་མཆོད་བསྟོད་དང། བཟོད་པར་གསོལ་བ་དང། དགེ་བ་བསྔོ་བ་དང། གཤེགས་སུ་གསོལ་བ་སོགས་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་གསུངས་སོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:དབང་བསྐུར་བའི་དུས་

|; |@@@ | | }}