27290
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དབང་བསྐུར་མ་ཐོབ་པ། །དེ་ལ་རིག་འཛིན་སྡོམ་པ་མེད། །སྡོམ་མེད་དེ་ཡིས་དགེ་སྤྱད་ཀྱང། །བར་མ་ཡིན་གྱི་གསང་སྔགས་ཀྱི། །སྡོམ་པ་ལས་བྱུང་དགེ་བ་མིན། །སྡོམ་པའི་དགེ་བ་མ་ཡིན་ན། །གསང་སྔགས་ཐབས་ལམ་རབ་ཟབ་ཀྱང། འཚང་མི་རྒྱ་བར་ཐུབ་པས་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། གསང་སྔགས་ཀྱི་དབང་ལེགས་པར་མ་ཐོབ་པ་ལ་རིག་པ་འཛིན་པའི་སྡོམ་པ་དང་དམ་ཚིག་མཚན་ཉིད་པ་བསྲུང་རྒྱུ་མེད་ཅིང། སྡོམ་པ་མ་བསྲུངས་པའི་གསང་སྔགས་དང་འབྲེལ་བའི་དགེ་བ་བསྒྲུབས་ཀྱང་རྡོ་རྗེ་ཐེག་པའི་བར་མའི་དགེ་བ་ཙམ་ཡིན་གྱི། སྡོམ་པའི་དགེ་བ་མ་ཡིན་ནོ། །སྔགས་ཀྱི་སྡོམ་པ་མེད་པའི་ཐབས་ལམ་ཟབ་མོ་འབད་ནས་བསྒྲུབས་ཀྱང་འཚང་མི་རྒྱ་སྟེ། གསང་སྔགས་ཀྱི་སྡོམ་པ་ནི་དབང་བསྐུར་བ་ལ་རག་ལས་པའི་ཕྱིར་རོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། དབང་བསྐུར་མ་ཐོབ་ན། རིག་འཛིན་སྔགས་ཀྱི་སྡོམ་པ་མེད་ལ། སྔགས་སྡོམ་མེད་པས་དགེ་བ་ཅི་སྤྱད་ཀྱང་སྔགས་སྡོམ་ལ་ལྟོས་ཏེ་བར་མ་ཡིན་གྱི་སྔགས་སྡོམ་ལས་བྱུང་བའི་དགེ་བ་མི་འབྱུང། སྔགས་སྡོམ་ལས་བྱུང་བའི་དགེ་བ་མ་ཡིན་ན་གསང་སྔགས་ཐབས་ལམ་ཟབ་ཀྱང་འཚང་མི་རྒྱ་བར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དབང་བསྐུར་མ་ཐོབ་པའི་ཉེས་པ་
|; |@@@ | | }}