27294

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བསྒྱུར་པའི་ཉོན་མོངས་ (1)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་བརྟེན་པས་སེམས་མ་ཞི་བ་དང་ཐར་བ་ཐོབ་པ་ལ་གེགས་བྱེད་དུ་མི་འགྱུར་བར་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་སེམས་རབ་ཏུ་ཞི་བར་འགྱུར་བ་སྟེ། དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་བ་གཡོ་ཅན་ལ་མདུང་བསྣུན་ཏེ་བསད་པ་ལྟ་བུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་རྒྱ་ལས་མ་འདས་ཀྱང་དེ་སྲོག་དང་བྲལ་བར་བྱེད་པ་ལ་ཞེ་སྡང་གི་རྣམ་པ་ལྟ་བུ་ཞིག་སྟོན་དགོས་ཤིང། དེས་དཔེ་འདི་ལྟར་བྱས་པས་བྱང་ཆུབ་ལ་ཉེ་བར་འགྱུར་བ་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:དབང་བསྒྱུར་པའི་ཉོན་མོངས་

|; |@@@ | | }}