27296

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། སྔགས། རྣལ་འབྱོར་བླ་མེད་རྒྱུད། སོར་མོ་རྣམས་རྒྱབ་སྤྲད་ནས་གཅིག་ལ་གཅིག་འཁྱུད་པ། མཐེ་བོང་རང་རང་གི་ལག་མཐིལ་དུ་བཀུག་ལ་བཅའ་བ་སྟེ། སངས་རྒྱས་གླིང་པའི་གཏེར་བྱོན་བླ་མ་དགོངས་འདུས་ལས་བྱུང་བའི་བཅའ་བའི་ཕྱག་རྒྱའི་རྣམ་གྲངས་ཤིག
Domain ཆོས་ལུགས།

{{#arraymap:དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་

|; |@@@ | | }}

དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ (2)
Part of speech མིང་ཚིག
Definition ཡེ་གཤེན་རྒྱུད། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ཉེར་གཅིག་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ལྷ་སྐུ་ཕྱག་རྒྱ་གསལ་ཐེབས་ན། ལྷ་སྲིན་ཀུན་ལ་མངའ་(བཀའ་)བརྩན་ཞིང། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ཡིན། ཞེས་པས། དེའི་ཚིག་དོན་ནི། ཡི་དམ་ལྷ་ཡི་སྐུ་ཕྱག་རྒྱ་བཞི་དང་རྫོགས་པར་ཏིང་ངེ་འཛིན་གྱིས་དམིགས་པ་གསལ་བར་ཐེབས་པའི་མཐུ་བྱིན་ལས་ལྷ་སྲིན་སྡེ་བརྒྱད་ཀུན་ལ་བཀའ་བརྩན་པར་གྱུར་ཞིང་། དེ་དག་ཡང་བསྟན་དང་འགྲོ་བའི་སྡོང་གྲོགས་སུ་བཀའ་བསྒོ་དམ་བཏགས་ལ་སོགས་ཀྱིས་དབང་བསྒྱུར་བར་མཛད་པའི་དོན་ནོ། །

{{#arraymap:དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་

|; |@@@ | | }}