27306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བྱང་བཀོལ་པ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་བྱང་བཀོལ་པ་སྟེ། མཚན་གཞན་ལ། ཐུགས་སྒྲུབ་ཡང་སྙིང་འདུས་པའི་མན་ངག་དབང་བྱང་བཀོལ་པ། ཞེས་ཀྱང་བྱ་ཞིང་། གཏེར་གཞུང་ལས། ཤིན་ཏུ་ཟབ་པའི་མན་ངག་སྙིང་ལྟ་བུ༔ གསང་སྔགས་མི་ནུབ་བསྟན་པའི་བཙས་སུ་བཞག༔ མ་འོངས་ལས་ཅན་གཅིག་དང་ཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ཤོག་སེར་ལས་ཕབ། འདིའི་ནང་དོན་ལ། དབང་ཞུ་བའི་མཆེད་ལྕམ་རྣམས་གསར་རྙིང་ཕྱེ་སྟེ་དབང་བསྐུར་དགོས་པ་དང་། རྡོ་རྗེ་རྒྱལ་ཐོབ་ལ་སོགས་པའི་ནུས་དབང་མ་ཐོབ་པར་སྔགས་ཀྱི་སྤྱོད་པ་བསྐྱེད་རྫོགས་སྔགས་བཟླས་འཆད་ཉན་སོགས་བྱར་མི་རུང་བ་དང་། དེ་ལྟར་བྱས་ན་གསང་སྔགས་གཟུ་ལུམ་དང་རང་དགའ་ཚོད་ཡོད་དུ་སྤྱོད་པའི་ཉེས་པ་འབྱུང་བས། དང་པོར་རྡོ་རྗེ་རྒྱལ་ཐོབ་ཀྱི་དབང་བསྐུར་དགོས་ཚུལ་བསྟན།

{{#arraymap:དབང་བྱང་བཀོལ་པ་

|; |@@@ | | }}