27315
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་ཤེས་དེའི་སྟེང་གི་ཡུལ་གྱི་རྣམ་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན་དེ་རྣམ་ཤེས་དེའི་དམིགས་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི། ཆོས་མངོན་པ་བ་རྣམས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཆོས་ཐམས་ཅད་ལ་འདོད་ཀྱང་། འདིར་ནི་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་ལ་འཇོག་དགོས་པས་གཟུགས་སོགས་དོན་ལྔའོ། །འོན་ཀྱང་གཟུང་དོན་དང་འདི་གཉིས་ཀྱི་ཁྱད་པར་ནི། རྣམ་པ་གཏོད་པ་ཙམ་གྱི་ཆ་ནས་དམིགས་རྐྱེན་དང་། རང་ངོས་ནས་རང་འདྲའི་རྣམ་པ་གཏོད་པའི་ཆ་ནས་གཟུང་དོན་དུ་འཇོག་པས། གཟུང་དོན་ལ་དམིགས་རྐྱེན་གྱིས་ཁྱབ་ཀྱང་རྣམ་ཤེས་དེའི་དམིགས་རྐྱེན་ལ་རྣམ་ཤེས་དེའི་གཟུང་དོན་གྱིས་མ་ཁྱབ་བོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། རང་འཛིན་ཚུར་མཐོང་གི་རྒྱུད་ཀྱི་དོན་རིག་མངོན་སུམ་རང་ཡུལ་དུ་གྱུར་པའི་དོན་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ། རང་འཛིན་ཚུར་མཐོང་གི་རྒྱུད་ཀྱི་དོན་རིག་མངོན་སུམ་གྱི་དམིགས་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི། སྤྱིར་དངོས་པོ་ཐམས་ཅད་དམིགས་རྐྱེན་ཡིན་ཏེ། རང་ལ་དམིིགས་པའི་རྣམ་ཤེས་བསྐྱེད་པའི་དམིགས་རྐྱེན་ཡིན་པའི་ཕྱིར། བྱེ་བྲག་ཏུ་གཟུགས་སོགས་དོན་ལྔ་དོན་རིག་མངོན་སུམ་གྱི་དམིགས་རྐྱེན་ཡིན་ཏེ། གཟུགས་སྐད་ཅིག་དང་པོ་དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་དང་། གཟུགས་སྐད་ཅིག་གཉིས་པ་དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་མ་གཉིས་པའི་དམིགས་རྐྱེན་དང་། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་གཉིས་ཀ་ཡིན་པ་སོགས་ཕལ་ཆེར་གཟུང་ཡུལ་དུ་གྱུར་པའི་ཕྱི་དོན་ཀུན་ལ་རིགས་འགྲེའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
| Domain | ཚད་མ། |