2732
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྣོད་བཅུད་ཀྱིས་ཁེངས་པའི་དོན། |
| Example | ཅ་ནེ་ཆང་གིས་ཁ་གང་བ། བང་མཛོད་འབྲུ་ཡིས་ཁ་གང་བ་ལྟ་བུ། |
| Part of speech | མིང་ཚིག |
|---|---|
| Definition | གནས་ཡུལ་ལ་བར་སྟོང་མ་ལྷག་པའི་དོན་ཏེ། |
| Example | གོ་ཁ་ཚ་བོ་ཚ་མོས་ཁ་གང་བ། སྒོ་ཁ་འབྲི་དང་མཛོ་མོས་ཁ་གང་བ་ལྟ་བུ། |
| Part of speech | མིང་ཚིག |
|---|---|
| Definition | གྲངས་ཀ་ཚད་ལོངས་པའི་དོན་ཏེ། |
| Example | དམག་མིའི་གྲངས་ཀ་ཁ་གང་བ་ལྟ་བུ། |