27322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་མཆོག་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མ་ཧཱ་ཡོ་གའི་འཇུག་སྒོ་དབང་མཆོག་བཅོ་བརྒྱད་དེ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་བཅས་བཅོ་བརྒྱད་དོ། །འདི་ལ་གསང་བ་ཟབ་མོའི་དབང་གསུམ་གཅིག་ཏུ་བརྩིས་ཏེ་བཅུ་དྲུག་དུ་བཞེད་པ་དང་། གསང་དབང་ནུས་དབང་གི་ཁོངས་སུ་བསྡུས་ཏེ་བཅོ་ལྔར་བཞེད་པ། སོ་སོར་བརྩིས་ཏེ་བཅོ་བརྒྱད་དུ་བཞེད་པ་བཅས་རྩི་སྲོལ་མི་འདྲ་བ་གསུམ་དུ་སྣང་། འདི་དག་ལ་རྣམ་གྲངས་ཀྱི་ཁྱད་པར་གྱིས་དམིགས་བཟུང་བ་ནི། ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། དད་པ་ཅན་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་སྟེ། རྣམ་གྲངས་བཅོ་བརྒྱད་དོ། །ཞེས་གསུངས།
Domain ཆོས་ལུགས།