27323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་མཆོག་བཅོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དབང་མཆོག་བཅོ་ལྔ་ནི། མ་ཧཱ་ཡོ་གའི་ལུགས་ཀྱི་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དེའང་སློབ་དཔོན་སྔ་མ་ཁ་ཅིག་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད་དུ་འདོད་ཅིང་། ཁ་ཅིག་ཟབ་དབང་གསུམ་གཅིག་ཏུ་བསྡུས་ནས་བཅུ་དྲུག་ཏུ་འདོད་ཀྱང་། འདིར་ཕན་པའི་དབང་དང་ནུས་པའི་དབང་ཞེས་གཉིས་སུ་བསྡུས་པས། ཟབ་དབང་ནི་ནུས་དབང་གི་ཁོངས་སུ་འདུ་བས་བཅོ་ལྔ་ཁོ་ནའོ། །ཞེས་གསུངས།
Domain ཆོས་ལུགས།