27325

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་མཆོག་སོ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ་བསྡོམས་སོ་དྲུག་གོ ། དེའང་ཀུན་འདུས་རིག་པ་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང༌། །སྒྲུབ་པའི་དབང་དང་གསང་བའི་དབང༌། །བཅུ་དང་བཅུ་གཅིག་བཅུ་གསུམ་དང༌། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་གསུངས།
Domain ཆོས་ལུགས།