27373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཤེས་ (1)
Part of speech མིང་ཚིག
Definition མངོན་པ། དབང་ཤེས་ཞེས་པ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། ཤེས་པ་གང་ཞིག། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པ་དབང་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཚད་མ་ཀུན་བཏུས་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པའི་ཕྱིར་ཞེས་དང། དབང་ཤེས་ལ་དབྱེ་ན། མིག་གི་ཤེས་པ། རྣ་བའི་ཤེས་པ། སྣའི་ཤེས་པ། ལྕེའི་ཤེས་པ། ལུས་ཀྱི་ཤེས་པ་དང་ལྔ་ཡོད་པའི་ཕྱིར། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་མིག་དབང་་ལ་བརྟེན་ནས་སྐྱེས་པའི་རིག་པ། རང་ཉིད་མིག་ཤེས་ཡིན་པའི་མཚན་ཉིད། དེས་ཕྱི་མ་རྣམས་ལ་རིགས་འདྲའོ་ཞེས་གསུངས།
Domain ཆོས་ལུགས།