27405

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབའས་ཁོ་བཞེར་ལེགས་སྟེང་ (1)
Part of speech མིང་ཚིག
Definition དུས་རབས་དགུ་པའི་སྟོད་དུ་འཁྲུངས། རྒྱལ་པོ་འུ་དུམ་བཙན་པོ་སྐུ་གཤེགས་རྗེས་གདུང་སྲས་འོད་བསྲུངས་དང་། མངའ་བདག་ཡུམ་བརྟན་གཉིས་མ་འཆམས་པར་མ་རུངས་བའི་རྐྱེན་སོགས་འཛོམས་ནས་ས་གླང་ཕྱི་ལོ ༨༦༩ ལོར་དབའས་ཁོ་བཞེར་ལེགས་སྟེང་གིས་ལག་དབོན་བྱས་ཏེ། མདོ་ཁམས་སུ་ཁེང་ལོག་(འབངས་གྱེན་ལོག)བྱས། ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཁོད་འདུག ལྡེའུ་ཆོས་འབྱུང་དུ་ཁེང་ལོག་དཔེ་དང་ལག་དཔོན་རྒྱུ་མཚན་གསུམ། ཕྱཱ་མཁན་འདུན་ས་འཛིན་མཁན་ལྷ་དང་དྲུག ཡུལ་རེར་རྗེ་དབོན་ཚན་རེ་ཆགས་དང་བདུན། ཞེས་གསུངས། འབངས་གྱེན་ལོག་སྐབས་ཀྱི་སྙན་གྲགས་ཆེ་བའི་འགོ་ཁྲིད་ཅིག་ཡིན།