27406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབའས་ཁྲི་གཟིགས་ཞང་ཉེན་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྨད་དུ་འཁྲུངས། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། འབྲོ་བཟའ་ཁྲི་མ་ལོད་ཀྱིས་ནང་བློན་ཆེན་པོའི་གོ་སར་བསྐོས། སེ་རིབ་རྒྱན་ཕྲན་ངོ་ལོག་པ་རྣམས་དམག་དང་། ཁྲིམས་ཀྱིས་མནན། རྒྱལ་པོའི་ཆབ་སྲིད་ཇེ་བརྟན་དང་། བོད་ཡུལ་བདེ་འཇགས་སུ་བཏང་། ཆུ་བྱི་ཕྱི་ལོ་ ༧༡༢ ལོར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་རྒྱལ་ཁྲིར་བཀོད། ལོ་བཅུ་བདུན་རིང་ཆབ་སྲིད་ཀྱི་གཙོ་འགན་བཞེས། ལྕགས་བྱ་ཕྱི་ལོ་ ༧༢༡ ལོར་སྐུ་གཤེགས།