27408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབའས་དབྱི་ཚབ་ (1)
Part of speech མིང་ཚིག
Definition དུས་རབས་དྲུག་པའི་ནང་འཁྲུངས། སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བློན་པོ་ཡིན། ཟིང་པོ་རྗེ་ལ་བློ་ལོག། རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་འབུལ་ཞུས། སྟག་རི་གཉན་གཟིགས་གཤེགས་རྗེས་རྒྱལ་པོ་གནང་རི་སྲོང་བཙན་གྱི་ཞབས་ལ་གཏུགས། ཐུན་མོང་དུ་མནའ་ཚིག་བོར། ཟིང་པོ་རྗེའི་ཆབ་སྲིད་གནམ་རི་སྲོང་བཙན་གྱི་མངའ་ཞབས་སུ་བཅུག། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་དབའས་དབྱི་ཚབ་ལ་ཟ་གད་གཤེན་གྱི་ཡུལ་ཁ་དང་། མལ་གྲོ་ཕྱོགས་ནས་བྲན་གཡོག་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་བྱ་དགའ་གནང་། བློན་པོར་བསྐོས། རྒྱལ་པོ་སྲོང་བཙན་སྒམ་པའི་བློན་པོ་ཡང་མཛད། བུ་ཚ་རྣམས་དང་རྒྱལ་པོ་བཅས་པ་ཐུན་མོང་དུ་མནའ་ཚིག་བོར་ནས་རྒྱལ་པོས་ཀྱང་དབྱི་ཚབ་ཀྱི་བུ་ཚ་སུ་འོས་གཅིག་ལ་གསེར་ཡིག་རྒྱུན་ཆད་མེད་པར་གནང་རྒྱུའི་དབུ་མནའ་བཞེས།