27416

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབའས་རྒོད་ལྗོངས་བཙན་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྨད་དུ་འཁྲུངས། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། དྲག་རྩལ་ལ་ཤིན་ཏུ་མཁས། མིག་རྒྱང་གསུམ་གྱི་ས་ལ་མདའ་རྒྱང་གཅིག་གིས་སླེབས། མཚོན་གྱི་འཁོར་ལོ་བསྐོར་ཏེ་ཡུལ་ཁམས་དུ་མ་དབང་དུ་བསྡུས། རྩལ་བོ་ཆེ་མི་བདུན་གྱི་ཡ་གྱལ་ཞིག་ཡིན། མཚན་གཞན། སྦས་རྒོད་མདོང་ཅན།