27417
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་སྨད་འཁྲུངས། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་བློན་པོ་ཡིན་ཞིང་། བོན་ཆོས་ལ་ཤིན་ཏུ་ཞེན། ལྕགས་བྱ་ཕྱི་ལོ ༨༤༡ ལོར་མངའ་བདག་ཁྲི་རལ་པ་ཅན་མལ་གྲོ་ཞལ་པོའི་ཕོ་བྲང་དུ་ཆང་བཞེས་ཏེ། གཟིམ་པ་ལ་དབའས་སྟག་རྣ་ཅན་བཅས་ཀྱིས་བཀྲོངས་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས། འུ་དུམ་བཙན་པོ་རྒྱལ་ཁྲིར་བཀོད། དབའས་རྣ་ཅན་སྤྲེལ་མགོས་ནང་བློན་གྱི་འགན་ཁུར། སངས་རྒྱས་ཆོས་ལུགས་ལ་བཀས་བཀྱོན། མཚན་གཞན། སྦས་སྟག་སྣ། |