27419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབའས་ལོ་ཕོ་ལོ་ཆུང་ (1)
Part of speech མིང་ཚིག
Definition དུས་རབས་དགུ་པའི་སྟོད་དུ་འཁྲུངས། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་གཤེགས་རྗེས་གདུང་སྲས་འོད་བསྲུངས་དང་། མངའ་བདག་ཡུམ་བརྟན་གཉིས་མ་འཆམས་དུས་ཕྱི་ལོ ༨༧༢ ལོའི་ཡས་མས་སུ་དབའས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ། དབུ་རུ་ས་ཁུལ་ནས་ཁང་ལོག་བྱས། ལྡེའུ་ཆོས་འབྱུང་ལས་ཁེང་ལོག་དཔེ་དང་ལག་དཔོན་རྒྱུ་མཚན་གསུམ། ཕྱཱ་མཁན་འདུན་ས་འཛིན་མཁན་ལྷ་དང་དྲུག ཡུལ་རེར་རྗེ་དཔོན་ཚན་རེ་ཆགས་དང་བདུན། ཞེས་འབངས་གྱེན་ལོག་བྱེད་པར་འཛོམས་དགོས་པའི་ཆ་རྐྱེན་རྣམས་བཀོད་འདུག འབངས་གྱེན་ལོག་སྐབས་ཀྱི་སྙན་གྲགས་ཆེ་བའི་འགོ་ཁྲིད་པ་ཞིག་ཡིན།