27423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབལ་གསས་སྙིང་པོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དབལ་གསས་ཞེས་པ། ཞང་བོད་ཐུན་མོང་གི་སྐད་དེ། བོད་སྐད་ལ་དབལ་ནི་དྲག་པོ་དང་རྣོ་པོར་འཇུག་ལ། གསས་ནི་ལྷའམ་ལོག་པས་གཞོམ་པར་མི་ནུས་པའི་དོན་ལ་གོ་བས་དྲག་པོའི་ལྷའམ་ལོག་པས་གཞོམ་པར་མི་མངའ་བའི་དྲག་པོ་ཞེས་བརྗོད་པ་ལྟ་བུར་མངོན་ནའང་ཐ་སྙད་འདི་མཚན་ཉིད་དེ་ལྡན་གྱི་ལྷ་སྤྱི་ལ་གོ་བ་མིན་ནོ། །ལྷ་དེ་ཉིད་ཡི་དམ་གསས་མཁར་མཆོག་ལྔའི་གཙོ་བོ་ཡིན་པས་སྐུ་དབལ་གསས་སམ་དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ་ཞེས་སོ། །དེའི་སྙིང་པོ་ནི། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་མ་མ་ཧ་ལ་རཾ་ཛ་ཐུན་བྷྱོ་ཐུན་བྷྱོ། ཞེས་པ་འདི་ཉིད་དོ། ། དེ་དག་གི་འབྲུ་དོན་ནི། བོན་ཉིད་འགྱུར་བ་མེད་པའི་དབྱིངས་སུ་རང་བཞིན་ལྷུན་འགྲུབ་ཀྱི་སྐུ་ལྔ་རྫོགས་པར་གསལ་ལ། དེ་ཡང་ཐབས་ཀྱི་རྒྱལ་པོའམ་སྤྲུལ་པ་ཀུན་འབྱུང་བའི་གནས་ཡིན་པས། སྐུ་གསུམ་འགྲོ་བའི་སྐྱབས་སུ་ཐོག་མཐའ་མེད་པར་བཞུགས་ཤིང་གནས་པ་དང་། དེ་ལྟར་འཁོར་འདས་ཀྱི་བོན་ལས་སྲིད་པའི་སྙིང་པོའམ་རྨད་དུ་བྱུང་བ་དུས་གསུམ་གྱི་བདེ་བར་གཤེགས་པ་སྤྱི་དང་བྱེ་བྲག་རྣམ་གྲངས་བྱེ་བ་འབུམ་ཕྲག་བརྗོད་ལས་འདས་པ་དེ་དག་ཀུན་གྱི་ཐུགས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པ་སྐྱེ་མེད་ཡབ་ཀྱི་མཁའ་དབྱིངས་ལས་འཁྲོས་པ་དབལ་ཆེན་གྱི་སྐུ་རུ་བཞེངས་ལ། འགག་མེད་ཡུམ་གྱི་ཀློང་ལས་འབར་བ་ཁྲོ་བོའི་སྐུ་མཆོག་སྟེ། རིགས་ཀྱི་ཁྲོ་བོ་ཡབ་དང་སྤྲུལ་པའི་ཁྲོ་མོ་ཡུམ་གྱི་སྐུ་རུ་འགྱེད་པ་དེ་དག་ཀུན་ཐུགས་དམ་དབྱིངས་ནས་བསྐུལ་ཅིང་མངོན་སྤྱོད་འཕྲིན་ལས་མཛད་པའི་དོན་ཅན་ཡིན་ནོ། །
Domain ཆོས་ལུགས།